| | e-texts navigator
|
161a1 བརྗིད་ཆེན་པོ་བསྟན་པའི་ཕྱིར།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་།གསུང་དང་།ཐུགས་རྡོ་རྗེའི་བདག་པོ་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཁྲོ་བ
161a2 རྒྱལ་པོའི་དཀྱིལ་འཁོར་གྱི་སྤྲིན་འབྱུང་བ་ཆེན་པོ་རྣམ་པར་སྤྲོས་པའི་སྒྱུ་འཕྲུལ་དྲ་བའི་རྒྱལ་པོ་ཏིང་འཛིན་ལ་སྙོམས་པར་ཞུགས་ཏེ།དེ་བཞིན་ཉིད་ཀྱི་དབྱིངས་ལས་ཁྲོ་མོ་དབང
161a3 ཕྱུག་མ་ཆེན་མོ་མངོན་ཕྱུང་སྟེ།།ཧི་ཧི་དགྱེས་པའི་གཟི་མདངས་ཀྱིས།།པདྨ་རྒྱས་པར་མཛད་ནས་ནི།།གཉིསུ་མེད་པར་དགྱེས་པའི་འཁྲིལ་བས་ཐིམ་ནས།།བྱང་ཆུབ་སེམས
161a4 ཀྱི་སྤྲིན་ལས།།ཧཱུཾ་ཧཱུཾ་ཧཱུ~ཾ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མརྡ་ཌ་ལ་ཕཊ་ཕཊ་ཕཊ་ཧ་ལཱ་ཧ་ལ་ཧཱུཾ།ཞེས་བརྗོད་པས།འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་ཁྱབ་པར་གྱུར་ཏོ།།ཁྲོ
161a5 བོའི་དཀྱིལ་འཁོར་གྱི་ཚོགས་སྟོང་གསུམ་གྱི་འཇིག་རྟེན་ཙམ།ཕྱོགས་བཅུའི་རྡུལ་ཕྲ་མོ་སྙེད་འཐོན་པར་གྱུར་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་གཡོས།རབ་ཏུ་གཡོས།།
161a6 འུར་འུར་རབ་ཏུ་འུར་བུར།ཀུན་ཏུ་རབ་ཏུ་འུར་འུ་རོ།།ཆེམ་ཚིམ།རབ་ཏུ་ཆེ་མ་ཚམ།ཀུན་ཏུ་རབ་ཏུ་ཆེམ་ཆེ་མོ།།ཤིག་ཤིག།རབ་ཏུ་ཤིག་ཤིག།ཀུན་ཏུ་རབ་ཏུ
161a7 ཤིག་ཤིག།གཏོར་གཏོར།དཏོར་རབ་ཏུ་གཏོར།ཀུན་ཏུ་རབ་ཏུ་གཏོར་གཏོར་རོ།།འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྟོང་ཁམས་ན་གནས་པའི་དབང་ཆེ་བ་དང་།གཟི་བརྗིད
iiif viewer powered by OpenSeadragon
160b - 161b