| | e-texts navigator
|
160b1 འཚམ་པར་གྱུར།བསྐལ་པ་ཆེན་པོ་དྲུ་དུ་སྨྲས།།དེ་ནས་ལས་ཀྱི་སྒྲིབ་པ་དྲུབུ་མོའི་རྣམ་པར་སྨིན་པ་དེ་ཁད་ཀྱིས་བསྲབས་པ་དང་སྔོན་གྱི་སྲིད་པས་མཚམས་སྦྱར་ནས།ཡི་དགས་སྲིན
160b2 པོ་རབ་ཏུ་གདུག་པ་གཏུམ་པོ་ལུས་གཅིག་ལོ་མགོ་བརྒྱ་པ་དང་།མགོ་སྣ་ཚོགས་པ་དང་།ལུས་བརྒྱ་ལ་མགོ་གཅིག་པ་དང་།ལུས་སྣ་ཚོགས་པ་དང་།ཡན་ལག་མང་པོ་དང་།ཡུན
160b3 ལག་སྣ་ཚོགས་པ་དང་།གདུག་པའི་ལག་ཆ་སྣ་ཚོགས་ཐོགས་པ་དང་།འཁོར་རབ་ཏུ་མང་པོ་དང་།འཇིགས་པའི་གཟུགས་སྣ་ཚོགས་དང་།འཇིགས་པའི་ང་རོ་སྒྲ་སྐད་སྣ་ཚོགས་པ་སྒོས
160b4 པ་དང་།གཟུགས་དང་།སྒྲ་དང་།དཱི་དང་།།བརྣངས་ཀྱིས་ཐམས་ཅད་སྤྱི་ཐུང་ཞེས་བྱེད་པ་དང་།རབ་ཏུ་འཇིགས་པའི་རླུང་ནག་དང་།གྲང་བ་དང་།ཚྭ་བའི་དབུགས་ཀྱིས་ཕྱོགས་བཅུ་ཀུན་ཏུ
160b5 ཁམས་འཁྲུག་པར་བྱེད་ན།ནད་ཡནི་བརྒྱ་རྩ་བཞིས་འདེབས་པར་བྱེད་པ།མྱོས་ཤིང་ཉམས་པར་བྱེད་པའི་མཐུས་ཀླུའི་རིགས་དང་།ལྷ་མ་ཡིན་གྱི་རིས་དང་།ལྷའི་རིས་དང་།ཚངས
160b6 པའི་རིས་དང་།འོད་གསལ་དང་།དགེ་རྒྱན་དང་།འབྲས་བུ་ཆེ་བ་མན་ཆད་དབང་དུ་བསྡུསོ།།དེ་སྔོན་བརྟེན་པའི་སྟོབས་ཀྱིས་ཐམས་ཅད་མཁྱེན་པས་གཟིགས་ནས།ཐུགས་རྗེས་འདུལ་བར
160b7 གྱུར་ཏོ།།དེ་ནས་དེ་བཞིན་གཤེགས་པའི་རྡོ་རྗེ་བཀོད་པ་སྒྱུ་འཕྲུལ་དྲ་བས་འཇིག་རྟེན་དྲུག་གིས་ཕྱོགས་བཅུའི་སྲིད་པ་གསུམ་གྱི་བདག་པོ་འདུལ་བའི་ང་རྒྱལ་ཆེན་པོ་ག
iiif viewer powered by OpenSeadragon
160a - 161a