| | e-texts navigator
|
160a1 སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་ལས་མཉེས་པའི་ལེའུ་སྟེ་བཅུ་བཞི་པའོ།།།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་སངས་རྒྱས་ཐམས་ཅད་ཀྱི་ངང
160a2 ཉིད་ཀྱི་ཁྲོ་བོའི་དཀྱིལ་འཁོར་དུ་མངོན་པར་འདུ་མཛད་དེ།དེ་ཅིའི་ཕྱིར་ཞེ་ན།བདག་ཏུ་རྨོངས་པའི་རྟོག་པ་དང་།རྟག་པ་ལ་མངོན་པར་ཞེན་པས་ཡང་དག་པའི་ལམ་དང་།བྲལ་བ་དག་གབ
160a3 པའི་གསང་བ་མ་གཏོགས་པར་སྦས་པའི་གསང་བ་པ་ལ་མངོན་པར་འཚལ་ནས།རྒྱུ་དང་འབྲས་བུ་ལ་རྨོངས་པས་སྲིད་པའི་ས་བོན་རྩུབ་མོས་འཕངས་ནས་མཚམས་མེད་པའི་རབ་ཏུ་ཚ
160a4 བའི་དམྱལ་བར་སྐྱེསོ།།དེ་རབ་ཏུ་ཚ་བའི་སྡུག་བསྔལ་དྲག་པོས་གདུངས་པ་དང་།འདི་བས་ཤིན་ཏུ་གྲངས་ཡང་ཅི་མ་རུང་སྙམ་པའི་མོད་ལ་རབ་ཏུ་སྦྲེབས་པ་དང་།པདྨ་ལྟར་གས་པའི་སྡུག
160a5 བསྔལ་དྲག་པོ་དག་གིས་རབ་ཏུ་ཉེན་པ་དེ་ལྟ་བུའི་སྡུག་བསྔལ་རབ་ཏུ་ཚ་བ་ལ་སོགས་པ་བརྒྱད་དང་།ཤིན་ཏུ་གྲང་བ་ལ་སོགས་པ་བརྒྱད་དུ་འཇིག་རྟེན་གྱི་ཁམས་བརྒྱུད་ཅིང་བསྐལ་པ
160a6 ཆེན་པོ་སྟོང་ཕྲག་བཅུ་གཉི་མུ་ཉམསུ་མྱོང་ངོ་།།དེ་ནས་རྣམ་པར་སྨིན་པ་དེ་ཟད་པ་དང་།ཡི་དགས་ལྟོགས་པ་དང་སྐོམ་པའི་སྡུག་བསྔལ་གྱིས་ཉེན་པ་དང་།འདོད་པའི་དངོས་པོ་རྣམས
160a7 ཡིད་དུ་མི་འོང་བ་དང་།གདོག་ཅིང་རྔུབ་པའི་དངོས་པོ་སྣ་ཚོག་སུ་གྱུར་པ་དང་།ཡོང་མེད་པར་ཡང་གྱུར་ཅིང་ཤིན་ཏུ་རིད་ཅིང་སྐམས་པ་དང་།ལུས་དང་ཡན་ལག་དང་།དབང་པོ
iiif viewer powered by OpenSeadragon
159b - 160b