e-texts navigator
Collection
Volume
Page
Wylie

15b1 དེ་ཕྱིར་འཁོར་དང་མྱ་ངན་འདས།།གཉི་སུ་སྣང་བ་མ་ཡིན་ཏེ།།སེམས་ཀྱི་རང་བཞིན་བཟུང་ངན་ལས།།གཉིས་ཀྱི་འདུ་ཤེས་ཕྱེ་སྟེ་བསྟན།།སེམས་ལས་ཡང་དག་ཡེ་ཤེས་འབྱུང་།།དེ་བཞིན་བདེ་དང་།
15b2 སྡུག་བསྔལ་འབྱུང་།།ཆོས་དང་སངས་རྒྱས་ཡེ་ཤེས་འབྱུང་།།དགེ་འདུན་ཡང་ནི་དེ་བཞི་ནོ།།འདི་ལས་ཕ་རོལ་ཕྱིན་ཚོགས་དང་།།བྱང་ཆུབ་དང་ནི་པདྨོ་འབྱུང་།།འདི་ལས་རྡོ་རྗེ་སེམས་དཔའ་དང
15b3 དྲི་མེད་རིན་ཆེན་དཔའ་སྦྱིན་འབྱུང་།།དེ་བཞིན་རྡོ་རྗེ་དཔག་མེད་དང་།།སྣ་ཚོགས་རྒྱལ་བ་འདི་ལས་འབྱུང་།།འདི་ལ་ས་ཕྱག་རྒྱ་སྣ་ཚོགས་དོང་།།རིགས་པའི་སྙིང་པོ་ཐིང་འབྱུང་།།འདི་ལས་འདོད་ཆགས།།
15b4 ཞེ་སྡང་དང་།།སྡུག་བསྔལ་ང་རྒྱལ་ཕྲག་དོག་འབྱུང་།།གཏི་མུག་དག་ཀྱང་དེ་བཞིན་ཏེ།།འདི་ལས་ཁམས་གསུམ་ཐམས་ཅད་དང་།།སྐྱེས་པ་བུད་མེད་མོ་ནིང་འབྱུང་།།འདི་ལས་འདོད་དང་འདོད
15b5 གཟིར་དང་།།ཉོན་མོངས་གདུང་འདོད་ཆགས་པ་འབྱུང་།།རཱི་དང་སྐྱེ་བོ་དེ་བཞིན་དུ།།ནམ་མཁའ་དང་ནི་རླུང་དག་དང་།།སྲེག་པའི་མེ་ནི་རབ་ཏུ་འབྱུང་།།འདི་ལས་ས་དང་ཆུ་དང་ནི།།རྡོ་དྲང་ས་བོན་མྱ
15b6 གུ་འབྱུང་།།དེ་བཞིན་གྲོག་དང་སྐར་མ་དྲང་།།ཉི་ར་ཟླ་ལ་སྤྲིན་རྣམས་འབྱུང་།།དེ་བཞིན་སྤྱོད་དང་མི་སྤྱོད་ཀུན།།ཐམས་ཅད་ཐམས་ཅད་འབྱུང་བ་འགྱུར།།དཔེར་ན་ན་མཁའི་རང་བཞིན་ལས།།
15b7 སྤྲིན་དང་ན་བུན་ཁུག་རླངས་དང་།།ཟླ་བ་ཉི་མ་སྐར་ཚོགས་དང་།།སྣང་ཡང་ན་མཁའ་བཞོན་དུ་གནསོ།།དེ་བཞིན་སེམས་ཀྱི་ན་མཁའ་ལས།།མཚན་མའི་ཆོ་འཕྲུལ་ཅི་བྱུང་ཡང་།།ཆོས་ཉིད་ན




iiif viewer powered by OpenSeadragon

15a - 16a

Texts on this page

N747 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo