e-texts navigator
Collection
Volume
Page
Wylie

15a1 བང་ཉི་ན་ཀྐོ།རྣམ་ནདམོ་མྱོང་བརྗོད་ཀྱང་།།མརྟག་དོ་ལ་འགག་མི་འགྱུར།།དེ་འདྲར་སེམས་ཅ་དོ་ལྟར་བྱ།།སེམས་ཉིད་གཞན
15a2 དུ་མ་གྲུབ་སྟེ།།དེ་བཞིན་ཆོས་ཀྱང་ཕྱེ་མ་ཡིན།།སེམས་དང་ཆོས་ཉིད་གཉིས་མེད།།སེམས་ཉིད་གང་ཡིན་ཆོས་ཉིད།།ཆོས་ཉིད་ཀྱང་ནི་དེ་བཞིན།།ཆོས་སེམས་གཉིས་མེད
15a3 ལྡན་གྱུར་པ།།བླ་མེད་བྱང་ཆུབ་ཆེན་པོར་བཤད།།སེམས་ནི་ན་མཁྲའ་ལྟ་བུ་སྟེ།།རྣམ་པར་རྟོག་བྲལ་གྲང་མི་རྟོགས།།དེ་བཞིན་ས་གཞི་ཆེན་པོ་ལྟར།།བླ་མེད་བྱང་ཆུབ
15a4 མྱུ་གུ་སྐྱེད།།མེ་ཡི་རང་བཞིན་ལྟར་སྣང་བས།།རྨོངས་པའི་བུད་ཤིང་སྲེག་པར་བྱེད།།རླུང་གི་རང་བཞིན་ཡིན་པས་ན།།མི་ཤེས་པ་ཡི་རྡུལ་ཀུན་སེལ།།ཆུ་ཡི་རང
15a5 བཞིན་ཡིན་པས་ན།།ཉོན་མོངས་གདུང་བ་ཀུན་སིམ་བྱེད།།སྨན་གྱི་རང་བཞིན་ཡིན་པས་ན།།འཁོར་བའི་གཅོད་རྙིང་རྣམ་པར་འབྱིན།།དེ་ལྟར་རྩའི་རང་བཞིན་པས།།
15a6 འཚོ་བ་རྣམས་ཀྱི་གསོས་སུ་འབྲབ།།དེ་བཞིན་རྣོ་དཔལ་རང་བཞིན་པས།།སྡུག་བསྔལ་རྒྱ་མཚོ་རྣམ་པར་གཅོད།།ཉི་མ་ལྟེ་བུར་སྣང་བ་ཡིས།།མུན་ཁང་སྣང་སྟོན་སེལ་བར།
15a7 བྱེད།།རི་རབ་ལྟ་བུའི་རང་བཞིན་པས།།བརྟན་པོ་མི་འགྱུར་གཡོ་བ་མེད།།རྒྱ་མཚོ་ལྟོ་བུའི་རང་བཞིན་པས།།མི་གཡོ་བ་ལ་བྱིན་རླབས་ཆེ།།སེམས་ནི་འདི་ལྟར་ཚེ་འཕྲུལ




iiif viewer powered by OpenSeadragon

14b - 15b

Texts on this page

N747 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo