e-texts navigator
Collection
Volume
Page
Wylie

159b1 གནས།།ཞེས་དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་བརྗོད་དོ།།གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཤིན་ཏུ་གསང་བ་མན་ངག་གི་ལེའུ་སྟེ་བཅུ་གསུམ།
159b2 པའོ།།།།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ཀྱི་དཀྱིལ་འཁོར་ལ་དགྱེས་པ་ཆེན་པོའི་གླུ་འདི་བླངསོ།།ོཾ་ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི།།ཡེ་ཤེས་དཀྱིལ་འཁོར
159b3 ཐིག་ལེ་ཆེ།།བསོད་ནམས་དཀྱིལ་འཁོར་སྐུ་ཡི་ཚོགས།།སྣང་སྟོང་ཐིག་ལེ་ཀུན་ཏུ་རྫོགས་ཧོ།།ཧཱུཾ་རྡོ་རྗེ་བསོད་ནམས་ཐིག་ལེ་ཆེ།།རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན།།རྡོ་རྗེ་སྒྲ་ཆེན
159b4 མཐའ་ཡས་པ།།རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ་ཧོ།།ོཾ་སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ།།ཡོན་ཏན་ཕྲིན་ལས་ཀུན་ཏུ་རྫོགས།།ཡཾ་ནས་ལྷུན་རྫོགས་ཀུན་ཏུ་བཟང་།།འདུས་པའི་ཚིགས
159b5 ཆེན་ཐིག་ལྕེ་ཆེ་ཧོ།།ོཾ་མི་དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས།།མཐའ་ཡས་ཀུན་ནས་སྣ་ཚོགས་འཕྲོ།།མཐའ་ཡས་ཀུན་ནས་ལྷུན་གྱིས་ཐིམ།།སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ
159b6 ཏོ།།ོཾ་ཕྱོགས་བཅུ་འཇིག་རྟེན་རྡུལ་རྙེད་དུ།།རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད།།སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱིས།།སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ་ཧོ།།ོཾ་ཐམས
159b7 ཅད་མ་ལུས་སྐུ་གསུང་ཐུགས།།སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ།།སྐུ་གསུང་ཐུགས་ཀྱིས་ཀུན་ཏུ་ཁྱབ།།སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཧོ།།ཞེས་ཆེ་དུ་བསྒྲགསོ།།གསང་བ་པའི




iiif viewer powered by OpenSeadragon

159a - 160a

Texts on this page

N748 - dpal gsang ba'i snying po de kho na nyid rnam par nges pa