e-texts navigator
Collection
Volume
Page
Wylie

159a1 གྱིས།།རང་བྱུང་ཀུན་ནམ་ལྷུན་གྱིས་གྲུབ།།འདི་ནི་སངས་རྒྱས་ཐམས་ཅད་ཀྱིས།།འདའ་བོར་མི་མཛད་དམ་ཚིག་མཆོག།གང་ཞིག་འདི་ལ་མོས་འགྱུར་བ།
159a2 སངས་རྒྱས་དཀྱིལ་འཁོར་ཐམས་ཅད་ཀྱིས།།ཕྱོགས་དུས་ཀུན་ནས་ཐམས་ཅད་དུ།།དཀྱིལ་འཁོར་མ་ལུས་བསྙེན་པ་ཡི།།ཉེ་བའི་སྲསུ་དགོངས་པར་འགྱུར།།སྐལ་བ་ཞིང་གི
159a3 རྡུལ་སྙེད་དུ།།ཤིན་ཏུ་སྦྱངས་ལ་རབ་གནས་པའི།།དཀྱིལ་འཁོར་མ་ལུས་བསྙེན་པ་ཡི།།འབྲས་བུ་གསང་ཆེན་འདི་ཡིན་ཏེ།།འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན།།འདས་དང་དུ
159a4 ལྟར་བྱུང་བ་ཡི།།རྒྱལ་བའི་དཀྱིལ་འཁོར་མ་ལུས་པས།།བརྙེས་ནས་སྐུ་ལྔ་ལྷུན་གྱིས་རྫོགས།།འབྱུང་དང་མ་འོངས་ཐམས་ཅད་ཀུན།།འདི་ཡིས་ལྷུན་གྱིས་གྲུབ་པར་འགྱུར།།འདི་ནི
159a5 གསང་ཆེན་ངེས་པ་ཡི།།འབྲས་བུ་ལམ་དུ་གྱུར་པ་ཡིན།།རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ།།འདི་ལས་གསང་བའི་ངེས་དོན་མེད།།བཙལ་ཀྱང་རྒྱལ་བས་མི་བརྙེས།།།
159a6 ཀུན་གྱི་ཕྱག་རྒྱ་ཆེན་པོའི་མཆོག།ཐོས་བསམ་བསྒོམ་ལ་རབ་སྦྱངས་པའི།།ཤེས་རབ་མིག་ལྡན་རྣམས་ཀྱིས་གཟུང་།།སྣོད་ལྡན་དང་ཚུལ་བཟང་ལ་བརྟན།།ལུས་དང
159a7 ལོང་སྤྱོད་གཏོང་ལ་སྦྱིན།།གཞན་དུ་ནམ་ཡང་སྦྱིན་མི་བྱ།།རྨོངས་ལ་ཕྱར་བས་གལ་ཏེ་སྦྱིན།།དུས་མིན་པར་ནི་སྲོག་ཟད་ནས།།བསྲེགས་དང་སྦྲེབས་པར་ཡུན་རིངས




iiif viewer powered by OpenSeadragon

158b - 159b

Texts on this page

N748 - dpal gsang ba'i snying po de kho na nyid rnam par nges pa