e-texts navigator
Collection
Volume
Page
Wylie

158a1 རྫོགས་པའི་སངས་རྒྱས་རྙེད་མི་འགྱུར།།སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ།།སངས་རྒྱས་གཞན་ནས་མཚོལ་ཅིག།དཀྱིལ་འཁོར་ཀུན་ཏུ་རབ་སྦྱོར་བས།།
158a2 དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར།།ཚི་ག་ལྷག་གམ་མ་ཚད་ཡང་།།སྐྱོན་ཉིད་དག་སྟོ་ཉེས་པ་མེད།།ཅེས་ཆེད་དུ་བརྗོད་པས་རོལ་མོའི་སྤྲིན་གྱིས་མཉེས་པོར་གྱུར་ཏོ།།
158a3 གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཚོགས་བསྒྲུབ་པའི་ལེའུ་སྟེ་བཅུ་གཉིས་པའོ།།།།དེ་ནས་དེ་བཞིན་གཤེགས་པ་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པའི
158a4 སྐུ་གསུང་ཐུགས་རྡོ་རྗེའི་དཀྱིལ་འཁོར་ཐམས་ཅད་གཅིག་ཏུ་འདུས་ནས་དགྱེས་པ་ཆེན་པོས་ཆོས་ཐམས་ཅད་ཡེ་ནས་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པའི་དམ་ཚིག་ཤིན་ཏུ
158a5 གསང་བའི་སྙིང་པོ་སྤྲིན་བཀོད་པའི་ཏིང་འཛིན་ལ་སྙོམས་པར་ཞུགས་ནས་ཆེང་དུ་བརྗོད་པ་འདི་བརྗོད་དོ།ཙ།མ་རྟོགས་པ་དང་ལོག་པར་རྟོགས།།ཕྱོགསུ་རྟོགས་ཡང་དག
158a6 ཉིད་མ་རྟོགས།ཚ།འདུལ་བ་དགོངས་པ་གསང་བ་དང་།ཝ།རང་བཞིན་གསང་བའི་དོན་རྣམས་ནི།།ཡི་གེ་སྒྲ་རྟགས་མིང་ཚོགས་ལས།།བརྟེན་པའི་ཚིག་གིས་རབ
158a7 མཚོན་ཏོ།།བང་ནས་གིབ་སྒྲས་དོན་འབྱིན་པ།།སྟོན་པ་རྡོ་རྗེའི་ཐུགས་ལ་གནས།།དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་བསྒོམ།།དཀྱིལ་འཁོར




iiif viewer powered by OpenSeadragon

157b - 158b

Texts on this page

N748 - dpal gsang ba'i snying po de kho na nyid rnam par nges pa