| | e-texts navigator
|
157a1 རིགས་འཛིན་དངོས་གྲུབ་མཆོག་ཐོབ་འགྱུར།།དཀྱིལ་འཁོར་མ་ལུས་འབར་བར་འགྲུབ།།ཉོན་མོངས་སྡུག་བསྔལ་སེལ་བར་བྱེད།།རྡོ་རྗེ་རིགསུ་སྐྱེ་བའི་གནས།།
157a2 སྔགས་འཆང་དངོས་གྲུབ་ཡང་དག་ནི།།ཐབས་དང་ཤེས་རབ་ཐམས་ཅད་ཀྱིས།།དཀྱིལ་འཁོར་ལྔ་དང་ཁྲོ་ཕྲེང་བསྒོམ།།ཆགས་པ་མེད་པའི་ཚུལ་གྱི་ས།།འོད་ཟེར་རྣམ་པ་མང་པོ
157a3 འཕྲེ་གཉི་སུ་མེད་པར་བསྟིམ་པར་བྱ།།དངོས་གྲུབ་མཆོག་གི་སྙིང་པོ་འགྲུབ།།རྣལ་འབྱོར་ཐབས་དང་ཤེས་རབ་ཀྱིས།།དེ་བཞིན་གཤེགས་དང་ཡུམ་དུ་བསྒོམ།།སེམས
157a4 དཔའ་སེམས་མ་ཉིད་དུ་བསྒོམ།།སོ་སོའི་སྔགས་དང་ཕྱག་རྒྱ་དང་།།ཏིང་འཛིན་ཡང་དག་སོ་སོར་གསལ།།གནས་དང་ལོང་སྤྱོད་ཅི་བདེ་དང་།།མ་ཉམས་བློ་ནི་རབ་ལྡན་པས།།།
157a5 དང་པོ་དམ་མནོས་བཞིན་དུ་བྱ།།ལེ་ལོ་སྒྱིད་སྙོམས་མེད་པ་ཡིས།།ཐེ་ཚོམ་མེད་པར་བསྒྲུབ་བྱས་ན།།དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར།།རྡོ་རྗེ་གསང་མཆོག
157a6 དམ་པ་ཐོབ།།བསྒྲུབ་པའི་ཞིག་དང་ཆེས་གྲངས་ནི།།རྒྱུད་ལས་སྨོས་པ་བཞིན་དུ་བཤད།།རྡོ་རྗེ་གསང་བའི་ཚིག་ཏུའོ།།ཞེས་དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས
157a7 པ་ཉིད་ལ་ཆེད་དུ་གླེང་ངོ་།།གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཚོགས་ཀྱི་དཀྱིལ་འཁོར་གྱི་ལེའུ་སྟེ་བཅུ་གཅིག་པའོ།།།།དེ་ནས་དེ་བཞིན་གཤེགས་པ
iiif viewer powered by OpenSeadragon
156b - 157b