| | e-texts navigator
|
155b1 འི་གནས་ཡ་སུ།།གསལ་བའི་ཐིག་ལེའི་ངོ་བོ་ཉིད།།ཧཱུཾ་ཨོཾ་སྠཱ་ཨཱ་ཧ་རྣམས་ལས།།དཀྱིལ་འཁོར་ལྔ་དང་ཁྲོ་ཕྲེང་བསྒོམ།།ོཾ་ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱི།།སྐུ་གསུང་ཐུགས་ཀྱུ
155b2 རྡོརྗེ་ཆེ།།དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ།།དཀྱིལ་འཁོར་ཀུན་གྱི་སྦྱིན་པ་སྤྱོད།།སློབ་དཔོན་མཉེས་པར་མ་བྱས་ཤིང་།།དབང་རྣམས་ཐོབ་པར་མ་བྱིས་པར།།ཉམ་པ་ལ་སོགས་རྩེན་པ་རྣམས།།
155b3 འབྲས་བུ་མེད་ཅིང་བརླག་པར་འགྱུར།།དབུ་བརྒྱན་ཅོད་པན་ཕྲེང་བ་དང་།།གོ་ཆ་རྒྱལ་མཚན་ཕྱག་རྒྱ་དང་།།གདུགས་དང་བུམ་པ་བཟའ་གཏུང་དང་།།སྙིང་པོ་ལྔ་ཡིས་དབང་བསྐུར་ན།།དུས་འདི
155b4 ཕྱིན་ཆད་རྒྱལ་བའི་སྲས།།ངན་སོང་ཐམས་ཅད་མེད་པ་དང་།།ཚེ་རིང་བདེ་བསྐྱེད་ཕུན་སུམ་ཚོགས།།མཐོ་རིས་ཐར་པའི་བདག་པོར་འགྱུར།།ཞེས་བརྗོད་དོ།།གསང་བའི་སྙིང་པོ་དེ་ཁོ་ན
155b5 ཉིད་ངེས་པ་ལས་དབང་སྦྱིན་པའི་ལེའུ་སྟེ་བཅུ་པའོ།།།།དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས་སྒྱུ་འཕྲུལ་དྲ་བའི་རྒྱལ་པོ་སྒྱུར་བ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས
155b6 པར་ཞུགས་ནས།ཆེད་དུ་བརྗོད་པ་འདི་བརྗོད་དོ།།རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ།།བྱིན་གྱིས་བརླབས་དང་མངོན་སུམ་པར།།རབ་ཏུ་རྟོགས་པ་རྣམ་བཞི་ཡིས།།ཐམས་ཅད་མངོན
155b7 རྫོགས་རྒྱལ་པོ་ཆེ།།ཡན་ལག་དབང་པོ་རྣམ་ཤེས་ཀུན།།རྣམ་སྨིན་ཨོཾ་དུ་ཤེས་པར་བྱ།།ཛྲེ་ཌ་བའི་དཀྱིལ་འཁོར་ཉི་དུ་བསྒོ།ཡང་ན་བྲོས་བཱི་དཀྱིལ་འཁྲོ་བ།།གཟུ་སྒྲ་དྲྀ་རོ་རེག་ལ་སོགས།།རྣམ་སྨིན
iiif viewer powered by OpenSeadragon
155a - 156a