| | e-texts navigator
|
154a1 ལ།འཇུག་པའི་མཚན་ཉིད་མཏམ་སྦྱོར་བས།།ཕྱོགས་དུས་ཀུན་ནས་གཤེགས་པ་ཡི།།བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས།།ཉེ་བར་གྱུར་པའི་དམ་ཚིག
154a2 མཆོག།དཔག་བསམ་ཤིང་དང་ཡིད་བཞིན་གྱི།།རིན་པོ་ཆེ་དང་འབྱུང་བ་ཀུན།།དེ་དག་རྫས་ཡོད་མ་ཡིན་ཏེ།།རང་སེམས་བསོད་ནམས་བརྟན་པ་ཡིན།།ངོ་མཚར་ཚེ་འཕྲུལ་རྨད
154a3 པོ་ཆེད།གཞན་ནས་ཡོད་འོངས་མ་ཡིན་ཏེ།།ཐབས་ལ་བརྟན་པའི་ཤེས་རབ་ཉིད།།དེ་ལྟ་བུ་ཡི་ངང་དུ་བྱུང་།།ཤེས་རབ་དབྱིངས་ཀྱི་དེ་བཞིན་ཉིད།།ཐབས་ཀྱི་ཕྱག་རྒྱར་གྱུར་པའི
154a4 ཕྱིར།།ཡེ་ཤེས་ལ་ནི་ཡེ་ཤེས་རོལ།།ཡེ་ཤེས་རོལ་པ་ཉིད་ཀྱང་གསོག།རྒྱལ་བ་མངོན་འབྱུང་སྐྱོབ་པ་དང་།།བྱིན་བརླབས་སྟོན་པའང་དེ་བཞིན་ཏེ།།བྱ་བྱེད་ནུས་པའི་གཟི
154a5 བྱིན་གྱིས།།སྒྱུ་མ་རྡོ་རྗེ་བརྩན་པོ་མཆོག།ཆོ་ག་ལྔ་ནི་རྫོགས་བྱས་ཤིང་།།ཡོ་བྱད་ལྔ་ནི་རྫོགས་པར་ལྡན།།སྔགས་ཀྱི་ཡན་ལག་ལྔ་རྫོགས་པས།།མ་ཉམས་འཇུག་ལ་རབ
154a6 བརྩོན་པས།།ཞག་ནི་སུམ་ཅུ་ཕྲག་དྲུག་གམ།།བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས།།དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ།།དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱིས།།སྲུ་ལྔ
154a7 ལྷུན་གྱིས་རྫོགས་པ་ནི།།ཡེ་ཤེས་ཐིག་ལེ་ཉིད་སྣང་བ།།བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག།ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའི།།ཞིང་ཁམས་རྣམ་དག
iiif viewer powered by OpenSeadragon
153b - 154b