| | e-texts navigator
|
153b1 འཕང་དུ་ནི།།དཀྱིལ་འཁོར་འཛུབ་གང་ཚ་དུ་བྱ།།མཁས་པས་ཆོ་ག་བཞིན་དུ་བྱ།།ཡང་ན་ས་གཞི་རབ་བསྙམས་ལ།།དཀྱིལ་འཁོར་ཁྲུ་གང་ཚ་དུ་བྱ།།ཡང་ན་ལུས་གང་ཆ་དུ་སྟེ།།ཡང
153b2 ན་ལུས་ནི་གསུམ་གྱི་ཚད།།ཕུར་བུ་སྲད་བུ་མཚོན་ཕྱེ་དང་།།གོས་རྒྱན་མཛེས་པའི་ཡིད་འོང་གྲོགས།།ཐིག་གདབ་ཆོ་ག་ཕུན་སུམ་ཚོགས།།མཁས་ལྡན་ཆེན་པོས་བསྒྲིབས་ཏེ་བྱ།།ཡང
153b3 ན་ཁྲུ་ནི་བཅུ་དྲུག་དང་།།ཉི་ཤུ་འམ་ཉི་ཤུ་རྩ་ལྔ་བྱ།།རིགས་ཀྱི་དཀྱིལ་འཁོར་ལྔ་རྣམས་བསྒོམ།།སྐུ་གསུང་ཐུགས་ལྡན་གཟུགས་ཀྱང་བགོད།ཡང་ན་རྒྱང་གྲགས་དཔག་ཚད་ཙམ།
153b4 ནམཁའི་དབྱིངས་ནི་བསམ་ཡས་པར།།སངས་རྒྱས་དཀྱིལ་འཁོར་སྣ་ཚོགས་བསྒོམ།།མ་མཐོང་རྨོངས་པ་བརྟན་ཕྱིར་མཚོན།།ཁ་དོག་ཉི་ཤུ་རྩ་ལྔ་ཡང་།།ལྔ་ཡི་ཚེན་གྱིས་བྲི་བར་བྱ།།
153b5 འདུལ་བའི་ཆོ་གྲ་བཞིན་དུ་དགྱེ།།ཏིང་འཛིན་རོལ་མོ་མཐའ་ཡས་མཆོག།ཡི་གེ་འམ་བརྡའ་འམ་སྙིང་པོ་འམ།།ཕྱག་རྒྱ་འམ་སྐུ་གསུང་ཐུགས་ལྡན་པར།།བྱིན་བརླབས་ཡ་མཚན
153b6 རྨད་པོ་ཆེ།།འགྲུབ་འགྱུར་སངས་རྒྱས་ཀུན་གྱི་དམ།།ས་ལ་སོགས་ལ་ཕྱག་རྒྱར་བྱས།།རྣམ་གྲོལ་རིམ་པ་ཐོབ་པར་འགྱུར།།དག་པའི་ཡེ་ཤེས་ཀྱིས་སྦྱངས་ནས།།སྨོས་ཅི་དགོས
153b7 ཏེ་དེ་ཉིད་ཡིན།།ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ།།མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ནས།།དཀྱིལ་འཁོར་ཐམས་ཅད་སྤྱན་དྲངས་ནས།།རོང་སྣང་དབྱེར་མེད་དཀྱིལ་འཁོར
iiif viewer powered by OpenSeadragon
153a - 154a