| | e-texts navigator
|
153a1 བྱིན་བརླབས་ལ།།སྟོང་གསུམ་ཡུངས་འབྲུར་འཇུག་ཚུལ་དུ།།དབྱིངས་ནས་དཀྱིལ་འཁོར་སྤྱན་དྲང་མཆོད།།མཉེས་ནས་གྲུབ་པའི་དམ་ཚིག་མཆོག།བདག
153a2 ཉིད་ཆེན་པོ་མཆོད་པ་ཡིས།།སངས་རྒྱས་དཀྱིལ་འཁོར་མ་ལུས་མཉེས།།སྲིད་གསུམ་འགྲོ་བ་ཐམས་ཅད་ལ།།དགའ་བ་ཆེན་པོས་ཁྱབ་པར་འགྱུར།།སྒྱུ་འཕྲུལ་དྲ་བ་བརྟན་པ་ཡིཡས།།
153a3 ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི།།སངས་རྒྱས་དཀྱིལ་འཁོར་མ་ལུས་དང་།།ཁམས་གསུམ་འགྲོ་རྣམས་མངོན་དུ་འགྱུར།།ལུས་ངག་སེམས་དང་ཆོས་ཐམས་ཅད།།
153a4 གང་ནའང་མི་གནས་མི་དམིགས་པ།།མིག་ཡོར་ཚུལ་དུ་སྦྱོར་བ་ཡིས།།ནམ་མཁའ་ལ་ནི་ནམ་མཁའ་བསྐུམ།།ཀུན་བྱས་དབང་ཕྱུག་རིག་པས་འཇུག།དེ་ནས་སློབ་མ་གཞུག
153a5 པར་བྱ།།དེ་ནས་རིགས་ཀྱི་བུ་མཆོག་དེས།།རྒྱལ་སྲིད་དང་ནི་རང་གི་ལུས།།བུ་དང་ཆུང་མ་ནོར་གྱི་དབྱིག།རབ་ཏུ་གཅེས་དང་ཡིད་འཐད་དབུལ།།དབང་ཕྱུག་ལོང་སྤྱོད་ལྔས
153a6 མཆོད་ན།།དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན།།ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས།།ཉེས་པ་ཐམས་ཅད་དག་པར་འགྱུར།།དད་བརྩོན་བརྟུལ་ཞུགས་རབ་རྟོགས
153a7 ནས།།ཕན་པའི་དབང་སྦྱིན་ནུས་པའི་དབང་།།རིམ་པ་བཞིན་དུ་སྦྱིན་པར་བྱ།།སྙིང་རྗེས་ཆུང་མ་ཟེས་པར་གཟུང་།།ཡང་ན་ཐལ་མོར་རབ་བསྣོལ་ནས།།ཕྱག་རྒྱ་ཆེན་པོའི
iiif viewer powered by OpenSeadragon
152b - 153b