| | e-texts navigator
|
152a1 རྣམ་པར་འགྲོ།།བསྐྱོད་དང་སྤྲོ་བའང་དེ་བཞིན་ཉིད།།མདོར་ན་བསྐུལ་བསྐྱོད་ཐམས་ཅད་ཀུན།།ཕྱག་རྒྱ་ཆེན་པོའི་དང་དུ་གནས།།གནས་གཉིས་མི་གྲནས་གནས
152a2 མ་ཡིན།།དེ་སྐད་དག་མཆོག་ཉིད་ཀྱིས་བཤད།།གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཡན་ལག་དཀྱིལ་འཁོར་དུ།།བྱིན་གྱིས་རླབས་ནས་ཕྱག་རྒྱ་སྤྲོས་པའི་ལེའུ་སྟེ་བརྒྱང
152a3 པའོ།།།དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོ་རྡོ་རྗེ་གསང་བའི་དམ་ཚིག་བཀོད་པ་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདྲི་བརྗེད་དོ།།ཤིན་ཏུ་ཕྲ
152a4 བའི་དམ་ཚིག་མཆོག།ཕྱག་རྒྱ་ཆེན་པོའི་ཕྱག་མཐིལ་དུ།།ཐུགས་ཀྱི་དཀྱིལ་འཁོར་དམ་པའི་སྟེ།།སོར་ནི་བཞི་ཡི་ཚད་དུ་བྱ།།འབྲུ་ལྔ་སྤྲོས་ལྔ་རིན་ཆེན་ལྔ།།སྙིང་པོ་ལྔ་དང
152a5 སྨན་ལྔ་དང་།།བདུད་རྩི་ལྔ་ནི་རབ་བསྙམས་ལ།།རིག་པས་ཐིག་ནི་གདབ་པར་བྱ།།ལྟེ་བ་རྩིབས་དང་ལྡན་པ་ཡི།།རྩིབས་བཞི་འཁོར་ལོ་མུ་ཁྱུད་བཅས།།གྲུ་ཆད་བཞི
152a6 དང་གྲུ་ལ་ནི་ཡི།།བཻར་ཁྱམས་སྒོ་ཁྱུད་ལྡན་པར་བྱ།།སེནྡ་ཟླུམ་ཙམ་གྱི་ཉི་ཟླ་ལ།།ཙ་ནའི་འབྲུ་ཙམ་པདྨའི་གདན།།ཡུངས་འབྲུ་ཙམ་གྱི་ཡི་གྲེ་ལ།།ཕྱག་རྒྱ་ཏིལ་འབྲུ
152a7 ཙམ་དུ་བྲི།།བཅོས་བུ་རས་ནི་སྣ་ཚོགས་དང་།།བརྒྱན་ཕྲེང་བྲོ་བའི་བཏུང་བས་བསྐོར།།གླུ་ཚོག་བྲོ་གར་རོལ་མོ་ཡི།།སྤྲིན་དཔུང་ཚོགས་ཀྱིས་རབ་ཏུ་མཆོད།།ཡུམ
iiif viewer powered by OpenSeadragon
151b - 152b