e-texts navigator
Collection
Volume
Page
Wylie

151b1 ཏྟཿ།།སྒོ་བཞིར་གནས་པ་དེ་དག་ཀྱང་།།བདུད་ཚུལ་འཁྲིལ་བ་གོང་མ་བཞིན།།ཐུབ་དྲུག་ཕྱག་རྒྱ་སྣ་ཚོགས་ཏོ།།མདོར་བསྡུས་ཕྱག་རྒྱ་དྲུག་ཡོན།།སྲེགས་པར་དང་ནི་པི་ལྗང་དང་།།ག་ནྡ
151b2 བ་ཏི་རིན་ཆེན་སྒྲོམ།།མེ་དང་ཆུ་ནི་རབ་ཏུ་བསྟན།།ཡུམ་ནི་གཉིས་མེད་ཆོས་ཀྱི་དབྱིངས།།ཀུན་བཟངས་མཉམ་གཞུག་ཡེ་ཤེས་འགྲོ།།ཡུམ་འགྱུར་མཉམ་རྫོགས་པདྨའི་དཀྱིལ།།གཞན
151b3 ཡང་ཕྱག་རྒྱ་སྣ་ཚོགས་ཏེ།།ཡང་ན་དེ་བཞིན་གཤེགས་ཉིད་དམ།།ཡང་ན་རྡོ་རྗེ་ཐལ་མོ་ཉིད།།ཕྱག་རྒྱ་ཆེན་པོའི་ཆགས་མཆོག་ནི།།ཐབས་དང་ཤེས་རབ་ལྡན་འབྱོར་ན།།མ་བསྐྱོད་མ
151b4 བསྐུལ་ཐམས་ཅད་ཀུན།།ཕྱག་རྒྱ་ཆེན་པོའི་ངང་དུ་གནས།།ཡན་ལག་བཞི་བཅུ་རྩ་གཉིས་ལྡན།།དེ་ཉིད་ཡན་ལག་སྤྱོས་བདག་སྟེ།།བནི་བཅུ་རྩ་གཉིས་གསུམ་འགྲོར་འགྱུར།།དེ་ལྟར
151b5 ལྡན་པའི་གཙོ་མཆོག་གི།རྒྱལ་བ་རྒྱལ་མཆོག་དེ་བཞིན་དུ།།བཅུ་གཉིས་དྲུག་གི་འོད་འཕྲོ་བར།།དེ་ལ་སོགས་ཏེ་བསམ་མི་ཁྱབ།།ཕྱོགས་བཅུ་དུས་བཞི་བས་མ་ཡ་སུ།།འདུལ
151b6 བའི་དོན་རྣམས་སོ་སོར་སྟོན།།ཐེག་པ་མཐོ་དམན་ཐམས་ཅད་དང་།།ཕྱིན་ཅི་ལོག་རྣམས་ཐམས་ཅད་དང་།།ཞི་ཁྲོ་ཚོགས་ཆེན་ཐམས་ཅད་ལཾ།།སོ་སོར་འཐུན་པར་ཀུན་ཏུ
151b7 སྟོན།།དཔེར་ན་གར་མཁན་ཉིད་དྲ་བ།།ལུས་ལས་མ་བཀོད་སྣ་ཚོགས་སྟོན།།མདོར་ན་ཕྱག་རྒྱ་ཐམས་ཅད་ནི།།འདི་ཞེས་གཅིག་ཅེས་བརྗོད་དུ་མེད།།གཉིས་དང་གསུམ་དུ།




iiif viewer powered by OpenSeadragon

151a - 152a

Texts on this page

N748 - dpal gsang ba'i snying po de kho na nyid rnam par nges pa