e-texts navigator
Collection
Volume
Page
Wylie

150a1 བྱང་ཆུབ་རྡོ་རྗེའི་གསུང་དུ་བསྡུས།།བསྡུས་ཉིད་ཕྱོགས་བཅུར་རྣམ་པར་གྲགས།།གྲགས་ཉིད་མ་ཆགས་ངང་དུ་གསུངས།།གསུང་བ་ཉིད་ན་བརྗོད་དུ་མེད།།བརྗོད
150a2 མེད་དེ་ཉིད་སྣ་ཚོགས་སྒྲ།།ཀུན་ལ་གྲགས་ཤིང་སོ་སོར་འཇལ།།དཔེར་ན་དེ་བཞིན་སྤྲིན་སངས་བཞིན།།གསུང་གཅིག་སྒྲ་ཡིས་ཐམས་ཅད་གོ།འདི་ནི་གསུང་མཆོག་རྒྱལ་པོ་ཡིན།།
150a3 ཐེག་པ་མཐུན་མན་ཐམས་ཅད་ཀྱང་།།དེ་བཞིན་ཉིད་ལས་མ་གསུངས་ཏེ།།གདུལ་བྱའི་ཐབ་སུ་སོ་སོར་ཐོས།།ཇི་ལྟར་གསུང་རབ་ཀུན་བརྗོད་ཀྱང་།།དེ་བཞིན་ཉིད་ལས་གསུང
150a4 བ་མེད།།ཡི་གེ་མེད་དང་རིག་པའི་གསུང་།།ལྗགས་ཀྱི་རྩེ་མོར་མ་ཕྱུང་ཡང་།།ཐུགས་རྗེ་གསུང་གི་བྱིན་བརླབས་ཀྱིས།།འགྲོ་དོན་སྣ་ཚོགས་སོ་སོར་གསལ།།གསལ་ཉིད
150a5 གསུང་གི་རྡོ་རྗེ་མཆོག།དེ་བཞིན་གསུང་གིས་འགྲོ་དོན་རྣམས།།དེ་བཞིན་དང་ལས་མ་གཡོས་ཀྱང་།།དཔེར་ན་བྲག་ཆའི་སྒྲ་བཞི་ནོ།།གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ
150a6 ལས་དཀྱིལ་འཁོར་བསྡུས་པ་དང་།གསང་སྔགས་ཀྱི་ལེའུ་སྟེ་བདུན་པའོ།།།།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡན་ལག་ཐམས་ཅད་ཀྱི
150a7 དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབ་པ་ཞེས་བྱ་བ་འདི་ཆེད་དུ་བརྗོད་དོ།།སྒྱུ་འཕྲུལ་དྲ་བས་མངོན་རྫོགས་པའི།།ཐམས་ཅད་བྱང་ཆུབ་མཆོག་གི་རྒྱུ།།གསང།




iiif viewer powered by OpenSeadragon

149b - 150b

Texts on this page

N748 - dpal gsang ba'i snying po de kho na nyid rnam par nges pa