| | e-texts navigator
|
14a1 ལ་འཁོར་ལོ་རངྒ་བཞིན་མེད།།དེ་བཞིན་སྔགས་ཀྱི་ཆོ་འཕྲུལ་ཡང་།།མོ་མཉམ་མཉམ་པའི་རང་བཞིན་ལས།།ཇི་ལྟར་དམིགས་པའི་དོན་འབྱུང་སྟེ།
14a2 འཕྲུལ་སྣ་ཚོགས་རྒྱུན་མི་འཆད།།དེ་ཕྱིར་མཚན་མེའི་ཆོས་ཐམས་ཅད།།མཚན་མེད་ངང་དུ་གཅིག་པས་ན།།རྟོགས་པའི་བག་ཆགས་ཅི་བྱུང་ཡང་།།ཆོས་ཀུན་དབྱིངསུ
14a3 གཅིག་པའི་ཕྱིར།།རྟོག་འཇུག་སྤྲོས་པའི་མཚན་མ་ཀུན།།མ་བྱུང་མ་སྐྱེས་དབྱིངས་ཉིད་ལ།།གཡོས་པ་མེད་ཅིང་ཆོ་འཕྲུལ་འབྱུང་།།ཡོན་ཏན་སྣ་ཚོགས་ཆེར་འབྱུང་བའི
14a4 གཏེར་གྱི་དབྱིག་འདི་གང་མཐོང་བ།།སངས་རྒྱས་ཀུན་གྱི་ཡོན་ཏན་ཡང་།།སྐད་ཅིག་གཅིག་ལ་དེ་ལ་འདུས།།དེ་བས་ཡིད་བཞིན་རིནི་ཆེན་འདི།།ལྡོག་པ་མེད་པས་དང་དུ་བླང།
14a5 དོན་དམ་ཡང་དག་གཏེར་གྱི་མཆོག།རྣལ་འབྱོར་ཀུན་གྱི་ནོར་མཆོག་སྟེ།།གང་རྟགས་དེ་འཐོབ་གཅིག་པུ་ཉིད།།འབྲེལ་མེད་གཞན་གྱིས་ཐོབ་པར་དཀའ།།བདག་མེད
14a6 གཉིས་བྲལ་བདེ་ཆེན་སློང་།།སངས་རྒྱས་ཀུན་གྱི་བདེ་བ་ཆེ།།ཡེ་ནས་ལྷུན་གྲུབ་འདུས་མ་བྱས།།ཐིག་ལེ་ཆོས་ཉིད་ཡེ་འབྱམ་པས།།ཀུན་ཁྱབ་བརྡལ་བས་སྙིང་པོར
14a7 འདུས། མི་དམིགས་སྤྲོས་བྲལ་བྱང་ཆུབ་སེམས།།ཟབ་མོར་སྣང་བའི་ངེས་དོན་འདི།།མཁའ་ལ་མདུད་པ་གཏིང་དཔག་དཀའ།།རྣལ་འབྱོར་དམིགས་ལྡན་བློ་ཆུང་ཞིང་།།
iiif viewer powered by OpenSeadragon
13b - 14b