e-texts navigator
Collection
Volume
Page
Wylie

148a1 འཁོར་རྣམས་ལ།།དེ་བཞིན་གསུང་མཆོག་མི་སྨྲ་སྟེ།།སྐུ་ཡིས་ཆོས་རྣམས་མཇལ་བར་སྟོན།།མོ་ལོང་སྟོན་པའི་ཚུལ་བཞིན་དུ།།དངོས་ཀྱི་མདོག་ངན་ཐམས་ཅད
148a2 སེལ།།འཁོར་གྱིས་དེ་བཞིན་སྐུ་བལྟས་ན།།བྱང་ཆུབ་སྒྲིབ་པ་གཏང་དཔག་མེད།།མེ་ལོང་བཞིན་དུ་སྐུ་ལ་སྣང་།།དེ་ནས་ས་བཅུ་རིམ་གྱིས་འབྱུང་།།བླ་མེད་བྱང་ཆུབ་ཡང་དག་འཐོབ།
148a3 ཆོས་སྐུ་དཔག་མེད་བརྗོད་དུ་མེད།།ཁང་སྤྱོད་ཟད་མེད་རིན་ཆེན་གཏེར།།སྤྲུལ་པ་བྱེ་བ་བསམ་མི་ཁྱབ།།མཚན་དང་དཔེ་བྱད་ཐམས་ཅད་རྫོགས།།སྤྱོད་ཡུལ་ཀུན་ཏུ་མཎ་ཌ་ལ།།ཚོགས
148a4 ཚན་གཉིས་ཀྱང་རྫོགས་པར་རོལ།།ཐབས་དང་ཤེས་རབ་ས་ཡི་མཆོག།དེ་ལ་སོགས་ཏེ་བསམ་ཡས་མཆོག།སྐྱེ་ཤི་མེད་པ་གཡུང་དྲུང་སྐུ།།ཉོན་མོངས་ཀུན་གྱི་ཞིང་དུ་གནས།།ཟད་མི
148a5 ཤེས་པའི་གཏེར་དུ་འགྱུར།།རྡོ་རྗེ་འཛིན་པ་རིག་པའི་སྐུ།།ཐམས་ཅད་དབྱེར་མེད་མཉམ་པའི་སྐུ།།ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ།།དེ་ཚེ་སྐུ་ལྔ་ཀུན་ཀྱང་རྫོགས།།ཞེས་བརྗོད་པ།།
148a6 འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པ་ཐམས་ཅད་དུ་དཀྱིལ་འཁོར་བརྗོད་ཀྱིས་མི་ལང་བ་ཞིང་གི་རྡུལ་སྙེད་གཅིག་གསལ་བར་གྱུར་ཏོ།།དེ་ནས་དེ་བཞིན་གཤེགས་པ
148a7 བཙུན་མོའི་ཚོགས་དང་གཉི་སུ་མེད་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་གསང་བ་འདི་ཉིད་སྐུ་དང་།གསུང་དང་།ཐུགས་ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་།། ཏེ།།དམིགས་ཀྱི




iiif viewer powered by OpenSeadragon

147b - 148b

Texts on this page

N748 - dpal gsang ba'i snying po de kho na nyid rnam par nges pa