| | e-texts navigator
|
147b1 ཚོགས་དང་ལྡན་པར་གནས།།རྡོ་རྗེ་འཁར་ལོ་རིན་པོ་ཆ།།པདྨ་རལ་བྲི་དྷིལ་བུའབར།།ུཏྤལ་ཀླུ་ཤིང་ལ་སོགས་མཚན།།མཛེས་ཚུལ་མཉེས་པའི་ཡོ་བྱད་འཛིན།།འཐིང་ཀ་དཀར་པོ་སར
147b2 ལེབ་རྒན།།ལྗང་ཁུ་ལ་སོགས་སྣ་ཚོགས་པའི།།མཉན་ལྕུག་འཁྱིལ་ལྡེམ་གཞིན་ཚུལ་ཅན།།གསལ་འཚེར་ལྷུན་སྟུག་གཟི་བྱིན་འབར།།འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ།།2
147b3 བའི་ཕྲེང་བས་འཁྲིགས་པ་སྟེ།།མཐའ་དབུས་མེད་པར་ཁྱབ་པ་ཡི།།དཀྱིལ་འཁོར་བས་མ་ཡིས་ལྷུན་གྱིས་གྲུག།སྐུ་ཡི་ཕྱག་རྒྱ་ཆེ་མཆོག་ནི།།དེ་བཞིན་དབྱིངས་ལས་མ་གཡོས
147b4 ཀྱང་།།ཡང་དག་ཐར་པའི་གཟུགས་སྐུ་དང་།།འགྲོ་བ་མ་ལུས་འདུལ་བའི་ཕྱིར།།འཐུན་བྱས་སྐུ་ནི་སྣ་ཚོགས་སྟོན།།སྦྱོང་ཉིད་སྒྱུ་མ་མིག་ཡོར་ཚུལ།།ཚུ་ལོ་ཉིད་དབྱིངས་ལས་གཡོས
147b5 པ་མེད།།མ་གཡོས་བཞིན་དུ་སྣ་ཚོགས་པའི།།དེ་ཚེ་མི་འཐུན་སྣ་ཚོགས་ལ།།སོ་སོ་འདྲེ་བར་སྣང་བ་ནི།།དེ་བཞིན་ཉིད་ཀྱིས་མ་བཅོས་ཀྱང་།།ལས་འཕྲོའི་དབང་གིས་སོ་སོར
147b6 སྣང།དཔེར་ན་མེ་ལོང་ཆུ་ཟླ་བཞིན།།དེ་ཚེ་འགྲོ་དྲུག་ཐམས་ཅད་ལས།།སྡིག་སྤོང་གཟུགསུ་རྣམ་པར་བསྟན།།དགེ་ཚུལ་རྣམས་ལ་དགྲ་བཅོམ་གཟུགས།།རང་རྒྱལ
147b7 རྣམས་ལ་བསེ་རུའི་གཟུགས།།གཞན་ཡང་ཐེག་མ་ཆོག་རིམ་པ་བཞིན།།རེག་ནིན་བླ་མེད་གནས་མཆོག་དུ།།སྐུ་ནི་རྣམ་པར་སྣང་མཛད་ཚུལ།།བྱང་ཆུབ་སེམས་དཔ
iiif viewer powered by OpenSeadragon
147a - 148a