e-texts navigator
Collection
Volume
Page
Wylie

146b1 གསལ།།དམ་ཚིག་སྔགས་དང་ཕྱག་རྒྱ་རྣམས།།མ་ཉམས་ཤེས་ཤིང་ཡོ་བྱད་ལྡན།།འགྲུབ་འགྱུར་མི་ལྡན་མེད་ཅིང་བརླག།དུས་གསུམ་རྒྱལ་བས་ཐུགས་ཆུད་པའི།།དངོས་གྲུབ
146b2 མཆོག་གི་སྙིང་པོ་ནི།།ཟད་པའི་དུས་མེད་ཡིད་བཞིན་མཛོད།།འཕེལ་འགྲིབ་མེད་པར་འབྱུང་བ་སྟེ།།དངོས་པོ་མེད་ལས་དངོས་པོ་སྤྱན།།སྣ་ཚོགས་རྣམ་པར་འབྱུང་ཞིང་འགྱུར།།དངོས་རྣམས
146b3 ཉིད་ན་དངོས་མེད་པར།།རྟོག་པའི་དབང་སྒྲ་ཏིང་འཛིན་ཡིན།།གང་གིས་དམིགས་མེད་མི་ཤེས་པ།།དེ་ཡིས་ཆོས་ཀྱི་དབྱིངས་མི་ཤེས།།དེ་ཕྱིར་དངོས་དང་དངོས་མེད་པ།།འཇིགས་པས
146b4 དམིགས་མེད་ཤེས་པར་གྱིས།།ངནི་རྩ་མིད་པའི་སེམས་ཉིད་ནི།།ཕོ་མོ་མ་ཡིན་མ་ནིང་མིན།།མཚན་མེད་མ་ཡིན་རིགས་རྒྱུད་མིན།།ཁ་དོག་མ་ཡིན་དབྱིངས་མ་ཡིན།།གནསུ་མ་ཡིན་གང
146b5 ཡང་མིན།།དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ།།ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ།།ཐབས་ལས་ཐབས་འབྱུང་ཐབས་བསམ་ཡས།།ཐ་དད་མེད་ལ་ཐ་དད་པའི།།ནང་དང་ནང་གི་ཕྱིར་རོལ་གྱི
146b6 དཀྱིལ་འཁོར་བསམ་ཡས་ཡེ་ཤེས་རོལ།འཇིག་མེད་ཀུན་བཟང་ཕྱག་རྒྱའི་མཆོག།གང་གིས་གླང་ཆེན་མྱོས་འདྲའི་སེམས།།མཉམ་པར་བཞག་པས་གཏུལ་ནས།།སྔགས་དང
146b7 ཕྱག་རྒྱས་རབ་བསྟན་ན།།དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར།།ཞེས་བརྗོད་པས།།དེ་བཞིན་གཤེགས་པ་ཉིད་གཟིགས་མོས་མཉེས་པར་གྱུར་ཏོ།།གསང་བའི་སྙིང་པོ་དེ




iiif viewer powered by OpenSeadragon

146a - 147a

Texts on this page

N748 - dpal gsang ba'i snying po de kho na nyid rnam par nges pa