| | e-texts navigator
|
146a1 གཤེགས་པ་ཐམས་ཅད་ཡི་གེ་འཁར་ལོར་གྱུར་ཏོ།།གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཡི་གེ་ཕྲེང་བའི་འཁོར་ལོ་བསྐོར་བའི་ལཉྩ་སྟེ་བཞི་པའོ།།
146a2 དེ་ནས་ཡི་གེ་འཁོར་ལོ་སྤྲིན་བཀོད་པ་ལས་སྒྱུ་འཕྲུལ་རྣམ་པར་འཕྲོ་བ་འདི་ཆེ་དུ་བརྗོད་དོ།།རྩ་བ་མེད་པའི་སེམས་ཉིད་ནི།།ཆོས་རྣམས་ཀུན་གྱི་རྩ་བ་ཡིན།།སེམས་ཉིད་ཡི་གེའི
146a3 རང་བཞིན་ཏེ།།ཡི་གེ་ཡིད་བཞིན་རིན་ཆེན་སྤྲི་ནི།།སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས།།དྲ་བའི་དཀྱིལ་འཁོར་མངོན་རྫོགས་པས།།ཕྱོགས་བཅུ་དུས་བཞི་རྫོགས་པ
146a4 ཡི།།དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར།།བདུད་རྩི་འགྱུར་ཞིང་འབྱུང་བ་དང་།།བཞི་རྒྱ་རྩ་བཞིའི་ནད་སེལ་ཅིང་།།ལོང་སྤྱོད་འབྱུང་བ་ངན་སོང་སྦྱོང་།།ཙར་ཡང
146a5 གཞན་དུ་འགྱུར་བ་འགྲུབ།།ནམ་མཁའ་རྡོ་རྗེ་སྲ་འབྱུང་ཞིང་།།འབར་ནས་མེ་ཡང་འཚིག་པ་དང་།ཆུར་འགྱུར་འབབ་པའང་དེ་བཞིན་ཏོ།།འཇིག་རྟེན་ཁམས་འདི་འདོར་བ་དང་།།
146a6 ཐམས་ཅད་སྟོངས་ཤིང་ལྟུང་བར་འགྱུར།།དགུག་དང་བཏང་དང་བཅིང་དང་གྲོལ།།གསོ་དང་བསད་དང་ཕམ་དང་རྒྱལ།།ཏིང་འཛིན་འདི་ཡིས་བྱེད་པར་འགྱུར།།དེ་ཉིད་ཡེ་ཤེས
146a7 རང་སྣང་བའི།།མིང་ཚིག་གཟུགས་ཡིད་བཞིན་གྱིས།།མུན་ལ་སྣང་འབྱུང་ཇི་བཞིན་དུ།།འགྱུར་བས་གསེར་འགྱུར་སླན་གྱི་ཚུལ།།སྟོན་པ་མཆོད་བརྩོན་རྟོགས་པ
iiif viewer powered by OpenSeadragon
145b - 146b