| | e-texts navigator
|
145b1 ཀྱི་གསུང་གི་མཆོག།བྷ་ནི་ལྗགས་ཀྱི་གསུང་གྱི་མཆོག།མ་ནི་གསུང་ཡང་འཇིག་པར་བྱེད།།ཡ་ནི་སྐྱེ་བ་རྣམ་པར་དག།ཝ་ནི་གནས་པ་དག་པ་ཡིན།།ར་ནི་འཇིགས་པ་དག་པ་སྟེ།།ལ་ནི
145b2 སྟོང་པ་དག་པའོ།།ཤ་ནཱི་རྟག་པ་མེད་པ་སྟེ།།ཥཱ་ནི་ཆད་པའང་ཡོད་མ་ཡིན།།ས་ནི་མཐའ་བྲལ་བདག་མེད་པ།།ཧ་ནི་མཚན་མ་མེད་པ་ཉིད།།ཀླ་ནི་ཡེ་ཤེས་ཐུགས་ཀྱི་ཐུགས།།ི་ནི
145b3 རྡུལ་སྙེད་ལྷ་རྣམས།།ཱི་ནི་རྡུལ་སྙེད་ལྷ་མ་ཡིན།།ུ་ནི་རྡུལ་སྐྱེད་མི་རྣམས།།ུ་ནི་རྡུལ་སྐྱེད་བྱོལ་སོང་རྣམས།།ེ་ནི་རྡུལ་སྙེད་ཡི་དག་སུ།།ེ་ནི་རྡུལ་སྙེད་དམྱལ་བ་རྣམས།།ོཾ་ན།།
145b4 ཐམས་ཅད་འཇིག་པར་བྱེད།།ོཾ་ནི་ཐམས་ཅད་ཞིག་པ་ཡིན།།ཡི་གེ་འཁོར་ལོ་ཚོགས་ཆེན་འདི།།སྐུ་གསུང་ཐུགས་ཀྱི་ཕྲེང་བས་བསྡུས།།ཞེས་བརྗོད།། ཧོ།དེ་ནས་དེ་བཞིན
145b5 གཤེགས་པ་བཙུན་མོའི་ཚོགས་དང་།གཉིསུ་མེད་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱིས་གསང་བ་འདི་ཉིད་སྐུ་དང་།།གསུང་དང་ཐུགས་དང་།ཡོན་ཏན་འཕྲིན་ལས་རྡོ་རྗེ་ལས་ཕྱུང་།།
145b6 ཨ་ཧེ།ཐབས་དང་ཤེས་རབ་དགྱེས་སྤྲིན་བྱང་ཆུབ་སེམས་ཚོགས་རྒྱུ་འཁོར་ལོ།།འབྲས་བུ་རྒྱལ་བ་སྨིན་གྲུབ་ངོ་མཚར་མིང་ཚོགས་བཞི་བཅུ་གཉིས།།འདུས་མ་བྱས་ཉིད་འདུས།
145b7 བྱས་རྡོ་རྗེ་དཀྱིལ་འཁོར་འབྱིན་པའི་དམ།།འདའ་བར་མི་མཛད་དབང་མེད་རྒྱུ་རྐྱེན་ཚོགས་པའི་མཐུ་ཆེན་ཡིན།།ཧོ།རྡོ་རྗེ་གསང་བའི་ཚོགས་ཏུའོ་ཞེས་བརྗོད་པས་དེ་བཞིན།།
iiif viewer powered by OpenSeadragon
145a - 146a