e-texts navigator
Collection
Volume
Page
Wylie

145a1 ཞི་བཅུཿཀྵ་ཉིད།།ཡི་གེ་མགྲོ་ནས་ཀླུ་ལ་རྫོགསོ།།སེམས་ཀྱི་རང་བཞིན་ཡི་གེ་སྟེ།།ཡི་གེའི་དངོས་པོ་ཡོད་མ་ཡིན།།དམིགས་མེད་དེ་ཉིད་སྣ་ཚོགས་པའོ།།
145a2 སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཚེ།།སྐུ་གསུང་ཐུགས་ནི་ངོ་མཆིར་གྱི།།ངོ་མཚར་འཕྲུལ་ཆེན་རབ་འགུགས་པ།།དབྱིངས་ལ་དབྱིངས་ཀྱིས་བྲིས་པ་སྟེ།།ཡི་གེ་ཞེས་ནི་དེ་ཕྱིར་བརྗོད
145a3 མགོ་ནི་མ་ནོར་ལམ་ཡིན་ཏེ།།ཚེག་ན་ཤེས་རབ་མིང་དུ་སྨྲ།།ཤད་ནི་ཐབས་ཆེན་ཚིག་སུ་གཅོད།། ནི་སྐྱེ་མེད་དེ་བཞིན་ཉིད།།ཱ་ནི་ཐོག་མཐའ་སྟོང་པ་ཉིད།།ཐ་ནི་སྒྱུ་འཕྲུལ་རྡོ་རྗེ
145a4 ཉིད།།ཊ་ནི་སྣང་བའི་སྒྱུ་འཕྲུལ་ཉིད།།ཌ་ནི་སྒྱུ་འཕྲུལ་ཡིད་བཞིན་ཉིད།།ཌྷ་ནི་སྒྱུ་འཕྲུལ་སྣང་བདག་ཉིད།།ཎ་ནི་སྒྱུ་འཕྲུལ་ཀུན་དུ་ཉིད།།ཐ་ནི་དྲ་བས་མངོན་རྫོགས་ཉིད།།ཏ་ནི་དྲི
145a5 བས་བསྟེན་པ་ཉིད།།ད་ནི་དྲ་བས་ལྷན་ནི་ཉིད།།དྷ་ནཱི་དྲ་བས་འཁྲིལ་བ་ཉིད།།ན་ནི་དྲ་བས་ཀུན་ཏུ་འགྱུར།།ཀཽ་ནི་སྤྱན་གྱིས་ཐུགས་ཀྱི་མཆོག།ཁ་ནི་སྤྱན་གྱི་ཐུགས་ཀྱི་མཆོག།
145a6 ག་ནི་ཤངས་ཀྱི་ཐུགས་ཀྱི་མཆོག།བྷཱ་ནི་ལྗགས་ཀྱི་ཐུགས་ཀྱི་མཆོག།ང་ནི་ཐུགས་ཀྱི་འཇིགས་བྱེད་པའོ།།ཅེ་ནི་སྤྱན་གྱི་སྐུ་ཡི་མཆོག།ཚྭ་ནི་སྙན་གྱི་སྐུ་ཡི་མཆོག།
145a7 ནི་ཤངས་ཀྱི་སྐུ་ཡི་མཆོག།ཛྷ་ནི་ལྗགས་ཀྱི་སྐུ་ཡི་མཆོག།ཉ་ནི་སྐུའང་འཇིགས་བྱེད་པའོ།།པོ་ནི་སྤྱན་གྱི་གསུང་གི་མཆོག།པ་ནི་སྙན་གྱི་གསུང་གི་མཆོག།བ་ནི་ཤངས




iiif viewer powered by OpenSeadragon

144b - 145b

Texts on this page

N748 - dpal gsang ba'i snying po de kho na nyid rnam par nges pa