e-texts navigator
Collection
Volume
Page
Wylie

144a1 སྲིད་རྣ་ཉེས་དམིགས་བདག་ཏུ་རྟོག་ལས་འཕྲོས།།རྒྱུད་དྲུག་སྐྱོ་འགག་ལུས་དང་ལོང་སྤྱོད་དང་།།གནས་དང་སྡུག་བསྔལ་འཁྲུལ་འཁོར་ལ་སོགས་པ།།ལོག་རྟོག་ཉིད
144a2 ལས་གཞན་དུ་གཡོ་བ་ཅི་ཡང་མེད།།སྟོང་ཉིད་བདག་མེད་ཡེ་མཁྱེན་རང་རིག་ཐུགས།།དམིགས་བྱ་དམིགས་བྱེད་མེད་པར་དྲན་དབང་སྒྱུར།།ངོ་མཚར་སྐུ་གསུང་ཐུགས་དང་ཡོན་ཏན
144a3 འཕྲིན་ལས་ཞིང་ཁམས་ལས།།གཞན་ན་མེད་དེ་དེ་ཉིད་དེ་ལྟར་ཡིན་ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ་ཞེས་བརྗོད་པས།ཐུབ་པ་དྲུག་གི་སྤྲུལ་པ་གྲངས་མེད་པ་དང་།དེ་བཞིན་གཤེགས
144a4 བ་ཐམས་ཅད་ཀྱིས་གསུངས་པ་ཡང་དེ་དག་ཏུ་འདུས་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ།།གསང་བའི་སྙིང་པོར་ཁོ་ན་ཉིད་ངེས་པ་ལས་ཆོས་ཐམས་ཅད་གཏན་ལ
144a5 ཕབ་པའི་ལེའུ་སྟེ་གསུམ་པའོ།།།།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་གཅིག་ཏུ་གྱུར་ནས་མཉམ་པ་ཆེན་པོའི་ཚུལ་རྡོ་རྗེའི་དབྱིངསུ་ཆོས་ཐམས
144a6 ཅད་ཡེ་ནས་སངས་རྒྱས་པའི་ཏིང་འཛིན་ལས་མི་གཡོ་བར་ཆོས་ཐམས་ཅད་མིང་ཙམ་དུ་གནས་པའི་ཡི་གེ་ཕྲེང་བའི་འཁོར་ལོ་ཞེས་བྱ་བ་འདི་སྐུ་དང་གསུང་དང་།ཐུགས་རྡོ་རྗེ
144a7 ལས་ཕྱུང་ངོ་།། རབ་ཏུ་བརྟན་གྱུར་ཨ་དཀར་ལས།།ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོ།།ཕྱོགས་བཅུ་གང་བར་གསལ་གྱུར་ནས།།བསྡུས་ཀྱང་འཕེལ་འགྲིབ་མེད་པར




iiif viewer powered by OpenSeadragon

143b - 144b

Texts on this page

N748 - dpal gsang ba'i snying po de kho na nyid rnam par nges pa