| | e-texts navigator
|
143b1 ལོག་རྟོག་ཉིད་ལ་ཉིད་སྤྱོད་དེ།།གཞན་དུ་གཡོ་བ་ཅི་ཡང་མེད།།ལོག་རྟོག་རྒྱུ་འབྲས་རྒྱུ་ཉིད་ཀྱང་།།གཞི་རྩཝ་མེད་དབྱིངས་སྐད་གཅིག་མ།།རྣམ་པར་དག་པའི་དབྱིངས་ཉིད་ཚུལ།།ཉིད་ལ་དབང
143b2 སྦྱར་ཉིད་སྤྱོད་ཕྱིར།།བདག་དང་གཞན་དང་རྟོག་པའི་རྒྱུན།།རྣམ་དག་བླ་མེད་ཐེག་པའི་མཆོག།ཐེག་པ་བཞི་ཡིས་ངེས་འབྱུང་ལ།ཐེག་པ་གཅིག་གི་འབྲས་བུར་གནས།།ཡང་དག
143b3 རྟོགས་པས་རབ་བརྟགས་ན།།རང་བཞིན་མེད་ལས་ཅིར་ཡང་འགྲུབ།།སངས་རྒྱས་མྱ་ངན་ཡོངས་མི་འདའ།།ཆོས་ཀྱང་ནུབ་པར་མི་འགྱུར་ཏེ།།མ་རིག་སྨིན་མཛད་འདུལ་བའི་ཕྱིར
143b4 བྱུང་ནས་མྱ་ངན་འདའ་བར་སྟོན།།འདུལ་བ་མདོ་སྡེ་ཆོས་མངོན་དང་།།དམ་ཚིག་སྒྲུབ་དང་གྲུབ་པ་དང་།།སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད།།ཕྱོགས་བཅུ་རྣམསུ་རབ་གྲགས
143b5 པ།གསང་བའི་སྙིང་པོ་ལས་འཕྲོས་ཏེ།།རང་བཞིན་གསང་བའི་སྙིང་པོ་འདི།།སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི།།འབྱུང་གནས་གཏན་ལ་ངེས་པར་འབེབས།།ཆོས་རྣམས
143b6 མིང་དུ་བཏགས་པ་ཙམ།།སྟོན་པས་དོན་དང་འཐུན་ཕྱོགསུ།།མིང་དང་ཚིག་ཏུ་བཏགས་ནས་བསྟན།།སྟོན་མིན་ཚིག་ལ་དངོས་པོ་མེད།།ཅེས་ཆེད་དུ་བརྗོད།།དེ་ནས་དེ་བཞིན
143b7 གཤེགས་པ་གཉི་སུ་མེད་པའི་དཀྱིལ་འཁོར་དེ་དག་ཉིདགསང་བ་འདི་ཉིད་སྐུ་དང་།གསུང་དང་།ཐུགས་དང་།ཡོན་ཏན་དང་།ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་།།
iiif viewer powered by OpenSeadragon
143a - 144a