| | e-texts navigator
|
143a1 ལྡན་པ།བསམ་གྱིས་མི་ཁྱབ་པའི་གྲངས་མེད་པ་ཕྱོགས་བཅུར་སྣང་བར་གྱུར་ཏོ།།ཐམས་ཅད་ཀྱང་འདྲི་ལྟ་སྟེ།འདུལ་བའི་དབང་གིས་ལྷ་དང་མའི་ཐེག་པ་དང་།
143a2 ཉན་ཐོས་ཀྱི་ཐེག་པ་དང་།རང་སངས་རྒྱས་ཀྱི་ཐེག་པ་དང་།བྱང་ཆུབ་སེམས་དཔའི་ཐེག་པ་དང་།བླ་ན་མེད་པའི་ཐེག་པས་མ་རིག་པའི་རྣམ་པར་རྟོག་པ་ཉོན་མོངས་པ་སྟོང་ཕྲག་བརྒྱད
143a3 ཅུ་རྩ་བཞིའི་གཉེན་པོར་ཆོས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གསུངས།།གསུང་ངོ་།།གསུང་བར་འགྱུརརོ།།དེ་དག་ཐམས་ཅད་ཀྱང་གཟུང་བ་དང་།འཛིན་པའི་ཕྱི་ནང་གི་རྟེན་ཅིང་འབྲེལ
143a4 པར་འབྱུང་བ་དང་།འཛིན་པ་འཁྲུལ་པ་ལས་འདོགས་པ་དང་།ལས་དང་ལས་ཀྱི་འབྲས་བུ་ཆུད་མི་ཟ་བ་དང་།ལས་དང་ལས་ཀྱི་འབྲས་བུས་མི་གོས།གོས་པར་མི་འགྱུར།།
143a5 གོསུ་མེད་པར་སྟོན་པའི་མཐར་ཐུག།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆེད་དུ་བརྗོད་པ་འདི་བརྗོད་དོ།།ཇི་སྙེད་འཇིག་རྟེན་འཁྲུལ་པའི་ཆོས།།མ་རིག་རྟོག་པའི་གཟུང
143a6 འརྩོན་གྱིས།།ཕྱི་ནང་རྟེན་འབྲེལ་གཉིསུ་འཁོར།།མི་མཐུན་བདེ་སྡུག་མྱོང་བར་འགྱུར།།རང་བཞིན་ཉིད་ལས་ཉམས་པ་མེད།།ཡང་དག་སྒྱུ་མའི་ཚུལ་གཉིསུ།།བདག
143a7 དང་བདག་གི་གཞན་མེད་དེ།།རྣམ་དག་དབྱིངས་ཉིད་ཚུལ་གཅིག།བདག་དང་བདག་གི་གཞན་རྣམས་ནི།།ལོག་པར་རྟོག་པ་ཙམ་ཉིད་ལས།།ཕྲ་ཞིང་ཟབ་པའང་ཡོད་མ་ཡིན།།
iiif viewer powered by OpenSeadragon
142b - 143b