| | e-texts navigator
|
142b1 ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ཡེ་ཤེསུ་བསྐྱེད་པའི་ལེའུ་སྟེ་གཉིས་པའོ།།།།དྲན་པ་དེ་བཞིན་གཤོགས་པ་ཐམས་ཅད་ལས་ཐུགས་རྗེ་ཆེན་པོའི་བྱོན་བརླབས་ཤེས་བྱ་བའི་རིག
142b2 པའི་སྐྱེས་བུ་ཐུབ་པ་དྲུག་དེ་བཞིན་དུ་ཤེགས་པའི་སྐུ་དང་།གསུང་དང་།ཐུགས་རྡོ་རྗེ་ལས་འཐོན་ཏོ།།འཐོན་ནས་ཀྱང་ལས་ཀྱི་དབང་གིས་སྦྲེལ་ཞིང་ང་ཡིན་མན་གྱི་འཇོག་རྟེན་དྲུག
142b3 གེ་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེ་ཐུབ་པ་བཅོམ་ལྡན་འདས་རེ་རེས་འདུལ་བ་རྣམ་བཞིས་འགྲོ་བའི་དོན་མཛད་དེ།བལྟམ་པ་དང་།རབ་ཏུ་བྱུང
142b4 བ་དོང་།བཀ་ཐུབ་མཛད་པ་དང་།སངས་རྒྱས་པ་དང་།བདུད་བརྟུལ་བ་དང་།ཆོས་ཀྱི་འཁོར་ལོ་བསྐོར་བ་དང་།ཆོ་འཕྲུལ་ཆེན་པ་སྟོན་པ་དང་།མྱ་ངན་ལས་འདས་པ་ལ་སམྦ
142b5 བཱར་སྙན་པའི་ཐུབ་པ་དུས་བཞི་ཀུན་ཏུ་མཁྱེན་པ་དང་།ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ཀུན་ཏུ་མཁྱེན་པ་དང་།རྫུ་འཕྲུལ་གྱི་སྤྱན་གྱིས་ཐམས་ཅད་དུ་གཟིགས་པ་དང་།རྫུ་འཕྲུལ
142b6 གྱི་སྦྱིན་གྱིས་ཀུན་ཏུ་གསན་པ་དང་།རྫུ་འཕྲུལ་གྱི་ཚོགས་ཀུན་ཏུ་དོན་སྤྱོད་པ་དང་།ཐེག་པ་མེད་པས་ཀུན་ཏུ་བཟང་བའི་སྤྱོད་པ་རྫོགས་པའི་མངོན་པར་ཤེས་པ་ཆེན་པོ་དྲུག་དང་།
142b7 ཀུན་གྱི་སྦུ་བས་མ་གྱིས་མི་ཁྱབ་པ་དང་།ཀུན་ཏུ་ཐུགས་པས་མ་གྱིས་མི་ཁྱབ་པ་དང་།ཀུན་ཏུ་ཞལ་བསམ་གྱིས་མི་ཁྱབ་པ་དང་།ཀུན་ཏུ་གསུང་བསམ་གྱིས་མི་ཁྱབ་པ
iiif viewer powered by OpenSeadragon
142a - 143a