e-texts navigator
Collection
Volume
Page
Wylie

142a1 པས་ཁྱབ་པར་གྱུར་ཏོ།།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་བཙུན་མོའི་ཚོགས་དང་བཅས་པས་ཆེད་དུ་བརྗོད་པ་འདི་བརྗོད།།ེ་མའོ་ཡེ་ནས་གསང་བའི་ཆས།།
142a2 སྣ་ཚོགས་སྣང་ལ་རང་བཞིན་གསང་།།ངོ་བོ་ཉིད་ཀྱིས་རབ་ཏུ་གསང་།།གཞན་དུ་མིན་ལ་ཤིན་ཏུ་གསང་ཞེས་བརྗོད་པས།།དེ་བཞིན་གཤེགས་པ་ཐམས་ཅད་དང་།།ཆོས་ཐམས
142a3 ཅད་ཡེ་ནས་སངས་རྒྱས་པའི་ངོ་བོ་ཉིད་དུ་གཅིག་པའི་མཚན་ཉིད་ཡིན་པས་དབྱེར་མེད་ན།འགྲོ་བའི་རྣམ་པར་རྟོག་པ་མ་རིག་པ་ལས་འགྲོ་བ་ལྔའི་རིས་བསམ་གྱིས་མི་ཁྱབ་པར
142a4 སྨིན་པ་ལ་ཐུགས་རྗེ་ཆེན་པོ་སངས་རྒྱས་ཀྱི་ཡེ་ཤེས་ཆེན་པོ་སྐྱེས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དེ།།ེ་མྲ་བདེར་གཤེགས་སྙིང་པོ་ལས།།རང་གི་རྣམ་རྟོག་ལས་ཀྱིས་སྐུལ།
142a5 སྣ་ཚོགས་ལུས་དང་ལོང་སྤྱོད་དང་།།གནང་དང་སྡུག་བསྔལ་ལ་སོགས་པ།།བདག་དང་བདག་གིར་སོ་སོར་འཛིན།།སུས་ཀྱང་མ་བཅིངས་བཅིངས་མེད་དེ།།བཅིང་བར་བྱ
142a6 ཡིད་མ་ཡིན།།རྣམ་རྟོག་བདག་ཏུ་འཛིན་པ་ཡིས།།ནེན་གྱིས་མཁའ་ལ་མདུད་པ་དོར།།བཅིངས་མེད་རྣམ་པར་གྲོལ་མེད་པའི།།ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས།།
142a7 བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད་ཅེས་དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་བླང་ངོ་།།གསེང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པོ་ལས་དོན་དམ་པ་དང་།།




iiif viewer powered by OpenSeadragon

141b - 142b

Texts on this page

N748 - dpal gsang ba'i snying po de kho na nyid rnam par nges pa