e-texts navigator
Collection
Volume
Page
Wylie

141b1 མ་ཡིད་འདི་ལྡན་གནས།།ཕུང་པོ་ལྔ་ཉིད་རྫོགས་སངས་རྒྱས།།ཐམས་ཅད་མཆོག་གི་སྟོང་པོ་བས།།གཞན་དུ་རྒྱལ་བའི་ཆོས་མི་བཙལ།།ཉིད་ལས་གཞན་ཞེས་བྱ་བའི་ཆོས།།བཙལ་ཀྱང
141b2 རྒྱལ་བས་མི་གཉིས།།ཞེས་བརྗོད་པས།ཐམས་ཅད་ཡེ་ནས་སངས་རྒྱས་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ།།དེ་ནས་གཉི་སུ་མེད་པའི་བདག་ཉིད་ཆེན་པོས་ཡེ་ནས་སངས་རྒྱས
141b3 པའི་སེམས་ཡེ་ཤེསུ་བསྐྱེད་པ་འིདི་གསུང་སོ།།ེ་མའོ་ངོ་མཚར་རྨད་ཀྱི་ཆོས།།རྫོགས་པའི་སངས་རྒྱས་ཀུན་གྱི་གསང་།།སྐྱེ་བ་མེད་ལས་ཐམས་ཅད་སྐྱེ།།སྐྱེས་པ་ཉིད་ན་སྐྱེ་བ་མེད།།
141b4 ཨེ་མ་ངོ་མཚར་རྨད་ཀྱི་ཆོས།།རྫོགས་པའི་སངས་རྒྱས་ཀུན་གྱི་གསང་།།འགག་པ་མེད་ལས་ཐམས་ཅད་འགག།འགག་པ་ཉིད་ན་འགག་པ་མེད།།ེ་མོ་ངོ་མཚར་རྨད་ཀྱི་ཆོས།།
141b5 རྫོགས་པའི་སངས་རྒྱས་ཀུན་གྱི་གསང་།།གནས་པ་མོད་ལས་ཐམས་ཅད་གནས།།གནས་པ་ཉིད་ལ་གནས་པ་མེད།།ོཾ་མ་ངོ་མཚར་རྨད་ཀྱི་ཆོས།།རྫོགས་པའི་སངས་རྒྱས
141b6 ཀུན་གྱི་གསང་།།དམྱིགས་པ་མེད་ལས་ཐམས་ཅད་དམིགས།།དམིགས་པ་ཉིད་ན་དམིགས་པ་མེད།།ེ་མ་ངོ་མཚར་རྨད་ཀྱི་ཆོས།།རྫོགས་པའི་སངས་རྒྱས་ཀུན་གྱིས་གས
141b7 འགྲོ་འོང་མེད་ལས་བགྲོ་དང་འོང་།།འགྲོ་འོང་ཉིད་ན་འགྲོ་འོང་མེད།།ཅེས་བརྗོད་པས།།དེ་བཞིན་གཤེགས་པ་ཐམས་ཅད་དང་།།བཙུན་མོའི་ཚོགས་ཐམས་ཅད་ཀྱང་།མཉམ




iiif viewer powered by OpenSeadragon

141a - 142a

Texts on this page

N748 - dpal gsang ba'i snying po de kho na nyid rnam par nges pa