| | e-texts navigator
|
141a1 ན་ཉིད་ངེས་པ་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།།།།དེ་ནས་བཅོམ་ལྡན་འདས་བྱེད་པའོ་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ཐམས་ཅད་མ་ལུས་པའི་རང་བཞིན་གྱི་ཚུལ་རྡོ
141a2 རྗེ་བཙུན་མོ་བྱ་བ་མོ་ཆོས་ཀུན་དུ་བཟང་མོ་ལ་འཇུག་པར་གྱུར་ཏོ།།ཞུགས་པས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་མ་ལུས་པ་ཐམས་ཅད་གཅིག་རང་བཞིན་དབྱེར་མེད་པས
141a3 དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་ཚད་དུ་བརྗོད་པ་འདི་བརྗོད་དོ།།ོཾ་མའོ་རྡོ་རྗེ་ཕུང་པོ་ཡན་ལག་ནི།།རྫོགས་པའི་སངས་རྒྱས་ལྔ་རུ་གྲགས།།སྐྱེ་མཆེད
141a4 ཁམས་རྣམས་མང་པོ་ཀུན།།བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད།།ས་བཅུ་སྤྱན་དང་མཱ་མ་ཀཱི།།མེ་རླུང་གོས་དཀར་སྒྲོལ་མ་སྟེ།།ན་མཁའ་དབྱིངས་ཀྱི་དབང་ཕྱུག་མ
141a5 སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་།།ཐམས་ཅད་མ་ལུས་ཆོས་སོ་ཅོག།སངས་རྒྱས་ཉིད་ལས་གཞན་མ་ཡིན།།སངས་རྒྱས་ཉིད་ལས་གཞན་པའི་ཆོས།།སངས་རྒྱས
141a6 ཉིད་ཀྱིས་མི་མཉེསོ་ཞེས་བརྗོད་པས།།དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱུར་ཏོ།།དེ་ནས་བཙུན་མོ་བྱ་བ་མོས།།ཆོས་ཀུན་ཏུ་བཟང་མོས་བཅོམ་ལྡན་འདས་ཡིད།
141a7 ཀུན་ཏུ་བཟང་པོ་དང་།གཉི་སུ་མེད་པར་གྱུར་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ།།ཀྱེ་མ་ཕྱོགས་བཅུའི་སྟོང་ཁམས་ཡི་ནས་དབེན།།སྲིད་པ་གསུམ་ཉིད་དག་པའི་ཞིང་།།སྙིགས
iiif viewer powered by OpenSeadragon
140b - 141b