| | e-texts navigator
|
140a1 ཁྱུད་ཅན།རྣམ་པར་ཐར་པ་བརྒྱད་ཀྱིས་རྟ་བབས་དང་ལྡན་པ།ཕྱི་དང་རླུང་མེད་པ།ཀུན་ཏུ་ཡང་ནང་དུ་གྱུར་པ་ན་མི་འཇིགས་པ་སེངྒེའི་ཁྲི་དང་།སྟོབས་གླང་པོ་ཆེའི་ཁྱི
140a2 དང་།རྫུ་འཕྲུལ་རྟའི་ཁྲི་དང་།དབང་རྨ་བྱའི་ཁྲི་དང་།ཐོགས་པ་མེད་པའི་ན་མཁའ་ལྡེང་གི་ཁྲི་དང་།རང་བཞིན་གྱིས་འོད་གསལ་བའི་ཟླའི་དཀྱིལ་འཁོར་དང་།གོས་པ་མེད་པ་པདྨ་རིན་པོ
140a3 ཆེའི་གདན་ལ་སྐུ་མདུན་དང་རྒྱབ་མེད་པ་ཐམས་ཅད་དུ་ཞལ་ཐལེ་བར་གསལ་ཞིང་མཚྭ་དང་དཔེ་བྱད་དུ་ལྡན་པ།བསམ་གྱིས་མི་ཁྱབ་པོ།ཐམས་ཅད་དུ་སྐུ་གསུང་ཐུགས་སྣ་ཚོགས་པར་ཀུན་ཏུ
140a4 སྣང་བ།ཐབས་དང་ཤེས་རབ་ཀྱི་ཞབས་གཉིས་མཉམ་པའི་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་དུ་བཞུགས་པ།ཡེ་ཤེས་དྲུག་ཕྱག་ཡེ་ཤེས་རིན་པོ་ཆེའི་ཕྱག་རྒྱ་འབར་བ་ཅན་སྐུ་གསུང་ཐུགས་བསམ
140a5 གྱིས་མི་ཁྱབ་པའི་དབུ་གསུམ་དང་ལྡན་པ།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་དང་།དེ་བཞིན་གཤེགས་པ་གཟུགས་ཀྱི་རྒྱལ་པོ་དང་།དེ་བཞིན་གཤེགས་པ
140a6 ཚོར་བའི་རྒྱལ་པོ་དང་།དེ་བཞིན་གཤེགས་པ་འདུ་ཤེས་ཀྱི་རྒྱལ་པོ་དང་།དེ་བཞིན་གཤེགས་པ་འདུ་བྱེད་ཀྱི་རྒྱལ་པོ་དང་།དེ་དག་ཀུན་ཀྱང་འཐིང་ཀ་དང་།དཀར་པོ་དང་།སེར་པོ་དང་།ལེབ་རྒན་ད།
140a7 ལྗང་ཁུའི་མདོག་ཏུ་འཚེར་བ།བཙུན་མོ་དམ་པ་སྣང་བའི་དབྱིངས་དང་།སྲ་བའི་དབྱིངས་དང་།མཉེན་པའི་དབྱིངས་དང་།དྲོ་བའི་དབྱིངས་དང་།བསྐྱོད་པའི་དབྱིངས་ལ་སོགས་པ་བཙུན་མོའི་ཚོགས་དང
iiif viewer powered by OpenSeadragon
139b - 140b