| | e-texts navigator
|
13b1 སྒྲར་ཐོས་དམིགས་པ་མེད།།དེ་བཞིན་སྔགས་ཚིག་བཟླས་པའི་སྒྲ།།དཔེར་ན་མེད་ལས་ཡོད་བཏགས་པའི།།མཚོན་མ་ལ་ཛྙཱན་སྟོང་པའི་སྒྲ།།བཛྲོད་པ་ཙམ་དུ་བསྟན་པར
13b2 ཟད།།ཇི་ལྟར་ཆུ་ཡི་ཟླ་བ་ནི།།སྒྲིབ་མེད་མཁའ་ལས་ཟླ་ཤར་བ།།གཟུགས་བརྙན་དང་བའི་ཆུ་ནང་སྣང་།།སྣང་ཡང་གཟུང་བཱི་རྟོག་མེད་པ།།དེ་བཞིན་གཟུགས་སྣང་ཕྱག་རྒྱ
13b3 ཡང་།སེམས་ཀྱི་མཁའ་ལས་སྐུར་གསལ་བ།།ཕྱག་རྒྱ་རིགས་འཛིན་ངོ་ལ་སྣང་།།དེ་ལྟར་སྣང་ཡང་འཛིན་རྟོག་བྲལ།།ཇི་ལྟར་ཆར་གྱི་རྒྱུན་བཞིན་དུ།།ཆུ་ལས་ཆུར་བུར
13b4 རྣམ་པར་འབྱུང་།།དེ་ཡང་ཅིགས་རྣམ་པ་ལས།།མང་པོའི་རྣམ་གྲངས་དུ་མི་འབྱུང་།།སྡུད་ཅིང་ཕྱིར་ཡང་དུམི་བུར་འཆད།།དེ་བཞིནི་རྣལ་འབྱོར་སྒྲུབ་པ་ཡི།།ཏིང་འཛིན
13b5 རྣམ་པ་མང་པོར་འདོད།།འཁྲུལ་པ་སྣང་བའི་རང་བཞིན་ནི།།སྤྲོས་བྲལ་དངོས་པོ་སྟོང་པ་ལས།།སྲོག་དང་ཤེད་ཅན་བྱེད་པ་པོ།།སེམས་ཅན་པ་ལ་སོགས་པར་སྣང་།།མིག
13b6 ནང་ངོ་ལ་རྫས་ལྟར་སྣང་།།འཁྲུལ་པ་ཁོ་ན་སྣང་བར་ཟད།།དེ་བཞིན་སྔགས་ཀྱི་ལྟ་བ་ཡང་།།ཆོ་འཕྲུལ་མང་པོ་ཅིར་འཕྲུལ་པ།།སྣང་བ་མེད་པའི་རང་བཞིན་ལ།།འཁྲུལ་པ
13b7 སྣ་ཚོགས་སྣང་བར་ཟད།།རྣལ་འབྱོར་རྒྱན་ཀྱིས་དེ་ལྟར་ལྟ།།ཇི་ལྟར་མགོལ་མོའི་རང་བཞི་ནི།།གང་དག་ལག་ན་མགལ་མ་ཐོགས།།བསྐོར་ན་འཁོར་ལོའི་རྒྱུན་ལྟར་སྣང་།།དེ
iiif viewer powered by OpenSeadragon
13a - 14a