| | e-texts navigator
|
13a1 དེ་ཉིད་སྟོང་པས་མིང་མི་དམིགས།།དཔེ་ན་རྨི་ལམ་རང་བཙུན་ནི།།སྐྱེས་བུ་གཉིད་ཀྱི་དབང་གྱུར་ན།།ཐང་ཅིག་སྐ་ཅིག་ཡུད་ཙམ་དང་།།ལྀ་ལ་སོགས་པ
13a2 དེ་བཞིན་དུ།།བདེ་དང་སྡུག་བསྔལ་དེ་བཞིན་མྱོང་།།སངས་ནས་ཅི་ཡང་མི་དམིགས་ལྟརོ།།དེ་བཞིན་སྔགས་ཀྱི་སྤྱོད་པ་དག།སྟོང་པ་ཉིད་ཀྱི་རང་བཞིན་ལ།།སྤྱོད་པའི་རྣམ་པ
13a3 ཅིར་སྣང་ཡང་།།བརྟགས་ནི་དམིགས་པ་ཀུན་དང་བྲལ།།གཟུགས་བརྙན་སྣང་བའི་མཚན་ཉིད་ནི།།དཔེར་ན་གདོང་དང་མེ་ལོང་ལས།།བརྟེན་ནས་བཞིན་གྱི་གཟུགས་བྱུང་ཡང་།
13a4 རེད་པར་གྱུར་པ་ག་ལ་ཡོད།།དེ་བཞིན་སྔགས་ཀྱི་དངོས་གྲུབ་ཀྱང་།།སྒྲུབ་དང་ཏིང་འཛིན་ཡོ་བྱད་ལས།།བརྟེན་ནས་དངོས་གྲུབ་ཚུལ་བྱུང་ཡང་།།གསོལ་ཐོབ་དམིགས་པ
13a5 ག་ལ་ཡོད།།དྲི་ཟ་གནས་པའི་རང་བཞིན་ནི།།མཁའ་འམ་ཡིད་ཀྱི་མཁའ་དངོས་ལ།།དྲི་ཟའི་གཟུགས་ནི་གར་བྱུང་ཡང་།།གྲོང་ཁྱེར་དེ་ཡང་དེ་ནས་བྱུང་།།བྱུང་ནས
13a6 དེ་ཡང་མི་རྟག་ལྟར།།གསང་སྔགས་གྲུབ་པའི་གནས་དག་ཀྱང་།།ཆོས་སམ་ཡིད་ཀྱིས་མཁའ་ངོས་ལ།།རྣལ་འབྱོར་གསང་བདྲེག་གར་བསྐྱེད་པ།།དེ་ཉིད་གནས་པའི
13a7 གཞལ་མེད་ཁང་།།བྱུང་ཡང་དེ་ལ་གནས་མི་འགྱུར།།བྲག་ཆ་གྲག་པའི་མཚན་མ་ནི།།དཔེར་ན་ངོས་ལ་སྒྲས་རྐྱེན་པས།།ཅི་བཞིན་སྒྲ་ལྟར་བྲག་ཆ་འབྱུང་།།བྱུང་ཡང
iiif viewer powered by OpenSeadragon
12b - 13b