e-texts navigator
Collection
Volume
Page
Wylie

139b1 ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ལོངས་སྤྱོད་ཆེན་པོ་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་།གསུང་དང་།ཐུགས་རྡོ་རྗེའི
139b2 བདག་ཉིད།མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དང་སོ་སོ་མ་ཡིན་ཐ་མི་དད་དབྱེར་མེད་པའི་རང་བཞིན་ཏེ།འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་ན་གཞི་ཚད་མེད་པའི་ཡེ
139b3 ཤེས་ཀྱི་འཁོར་ལོ་གསལ་བ་ལ་ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་།རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ།ཡོན་ཏན་དཔག་ཏུ་མེད་པར་རྒྱས་པའི་ཕྱིར་གྲུ་བཞིར་གྱུར་པར
139b4 ལྷག་པའི་ཡེ་ཤེས་རིན་པོ་ཆེའི་གློ་འབུར་གྱིས་མཛེས་པ།རྩེ་མོ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་དང་སོ་སོ་མ་ཡིན་ངོ་བོ་ཉིད་གཅིག་པའི
139b5 ཡེ་ཤེས་ཀུན་ཏུ་འཁྱིལ་བའི།ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རིན་པོ་ཆེའི་དབྱིབས་དང་ཁ་དོག་ལ་སོགས་པ་རྣམ་པ་ཐ་དད་པའི་བྱེ་བྲག་དང་ཁྱད་པར་དུ་གྱུར་པ།སྔགས
139b6 པཚད་དཔག་ཏུ་མེད་པ།ཡེ་ཤེས་རིན་པོ་ཆེ་སྣ་ཚོགས་པའི་ཕྲེང་བ་དང་།ཆུན་འཕྱང་དང་།ཤར་བུའི་རྒྱན་དང་།གཟུགས་སྣ་ཚོགས་དང་།སྒྲ་སྣ་ཚོགས་དང་།དེ་སྣ་ཚོགས་དང་།ར
139b7 སྣ་ཚོགས་དང་།རེག་བྱ་སྣ་ཚོགས་ཀྱི་ཕྱོགས་བཅུར་འཁྲིགས་པར་རེང་བྱུང་ལ་མི་སྒྲུབ་པར་གསལ་བའི་རྒྱན་བསམ་གྱིས་མི་ཁྱབ་པར་ཀླུབས་པ།རྣམ་པར་ཐར་པ་བཞིའི་སྒོ་ནས་འཇུག་པའི་སྒོ




iiif viewer powered by OpenSeadragon

139a - 140a

Texts on this page

N748 - dpal gsang ba'i snying po de kho na nyid rnam par nges pa