e-texts navigator
Collection
Volume
Page
Wylie

139a1 འཛིན་པ་མི་རྟོག་ཤ་རུས་ཁྲལ་ལ་རོལ།།ཐུགས་ཀྱི་གདུང་ཐག་འཁོར་བའི་ཐལ་རྫ།།ཡུལ་མེད་མ་སྐྱེས་མཚན་མའི་གཡུལ་ལས་རྒྱལ།།བདེ་མཆོག་རྒྱལ་དུ
139a2 ཁྱོད་ལ་ཕྱག་འཚལ་བསྟོད།།ཤེས་རབ་ཆེན་པོ་ནམ་མཁའི་ཉི་མར་གསལ།།བྱང་ཆུབ་སེམས་ཀྱི་འོད་ཟེར་དབྱིངས་སུ་འཆ་རོ།།དཔའ་བརྟུལ་མྱུར་བའི་ཤུགས་ཀྱིས་འགྲོ་དྲུག་སྒྲོལ།།
139a3 རྟོགས་འཇོམས་ཡེ་ཤེས་རྡོ་རྗེ་ཆོ་འཕྲུལ་འཕྲོ།།དམ་པའི་དོན་གསུངས་གཉིས་མེད་སྟོན་པའི་སྐུ།།སྨྲ་བའི་སེང་གེ་ཁྱོད་ལ་ཕྱག་འཚལ་ལོ།།རིན་ཆེན་གཏེར་ལྡན་འདོད་དགུར་ཀུན་སྐོངས
139a4 ཞིང་།།ལུང་དང་རིག་པ་གཏན་ཚིགས་ཀུན་གྱི་མཛོད།།བརྡ་ཅན་ཡང་དག་ལེན་པའི་མེ་ལོང་གསོལ།།རྡོ་རྗེ་ཀུན་འདུས་འཇིགས་བྱེད་རྒྱལ་བའི་རྒྱུད།།ཆོས་ཀྱི་མེ་ལོང་འདི་ལ་བདག་ཅག
139a5 འདུད།།རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་ངོ་མཚར་བསྟོད་པའི་ལེའུ་སྟེ།སུམ་ཅུ་རྩ་གསུམ་པའོ།།།།རྒྱུད
139a6 རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་རྫོགས་སོ།།།།རྒྱ་གར་སྐད་དུ།ཤྲཱི་ར་གུ་ཧྱ་གརྦྷ་ཏ་ཏཱ་བི་ནི་ཤྭཱ་ཡ།བོད་སྐད་དུ།
139a7 དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པ།བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།།འདི་སྐད་བཤད་པའི་དུས་ན།དེ་བཞིན་གཤེགས་པ




iiif viewer powered by OpenSeadragon

138b - 139b

Texts on this page

N747 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo
N748 - dpal gsang ba'i snying po de kho na nyid rnam par nges pa