| | e-texts navigator
|
138a1 ལྡན་ཤིན་ཏུ་བརྒྱན་བྱས་ལ།།དབང་ཐོབ་དེས་སྦྱིན་པར་བྱ།།དབང་ཐོབ་རྒྱལ་པོ་ཆེན་པོ་དེ།།ཀུན་གྱི་བདག་ང་ཡིན་པས་ན།།རོལ་མོ་དྲི་དང་ཞལ་ཟབ་དང་།།འདོད་ཡོན་ལྔ་ལ་སོགས
138a2 པ་དང་།།ཉེ་བའི་ལོང་སྤྱོད་རྒྱན་རྣམས་ཀུན།།ཐམས་ཅད་ཐམས་ཅད་སྦྱིན་པར་བྱ།།སྒྲུབ་པའི་ལས་ལ་དབང་ཐབ་ཕྱིར།།རྡོ་རྗེ་སེམས་དཔའ་ལ་སོགས་པ།།རྒྱལ་བ་ཐམས་ཅད་བསྒྲུབ་པ་དང་།།
138a3 རྡོ་རྗེ་ཚེ་དང་སྨན་ལ་སོགས།།བསྒྲུབ་པ་མ་ལུས་བསྒྲུབས་ཤིག་ཅེས།།བསྒྲུབས་རྫས་ཐམས་ཅད་སྦྱིན་པར་བྱ།།རྒྱལ་བ་སངས་རྒྱས་ཐམས་ཅད་དང་།།དབང་ཐོབ་དེ་གཉིས་གཅིག་པའི་ཕྱིར།།རིག
138a4 འཛིན་རྡོ་རྗེ་རྩལ་གྱི་དབང་།།རྡོ་རྗེ་མིང་ནི་སྦྱིན་པར་བྱ།།བསྒྲུབ་པའི་དབང་དང་རྫས་མཆོག་དང་།།གསང་བའི་བདག་པོ་ཡིན་པས་ན།།གསང་བ་དབང་མཆོག་སྦྱིན་པར་བྱ།།དགའ་བོ་བྱང་ཆུབ
138a5 སེམས་ཆེན་པོ།།ཀུན་ཏུ་ཚིམ་པར་བྱེད་པ་ཡི།།དཀར་དམར་ལྷག་པའི་བྱང་ཆུབ་སེམས།།དབང་ཐོབ་དེའི་ལྕེ་ལ་གཞག།བཙལ་མོད་བྱང་ཆུབ་སེམས་ཆེན་པོ།།ཤེས་རབ་ཆེན་པོའི་ཚལ་གྱིས་ནི།།
138a6 །རྗེཆོས་སྐུ་སྒྱུ་མར་དབང་སྒྱུར་ནས།།རྡུལ་ཆེན་རྫོགས་པའི་དབང་ཡིན་པས།།རྫས་དང་ཚིག་དང་གང་ཟག་དང་།།ཀུན་རྫོབ་དབང་དེ་མ་ཐོབ་ཀྱང་།།ཆོས་ལྔ་སེམས་ཀྱི་དབང་ཐོབ་ན།།རྒྱལ་བའི
138a7 རིགསའི་ཛིན་ཐམས་ཅད་དང་།།སྲིད་གསུམ་དབང་ཅན་ཐམས་ཅད་ཀུན།།དེ་ལ་དབང་ཐེབ་བསྐུར་བར་འགྱུར།།དབང་གི་ཚེད་ནི་འདི་ལྟ་སྟེ།།དད་ལྡན་སྲི་ཞུར་ལྡན་པ་ལ།།གསང་བ་ཉན་པའི
iiif viewer powered by OpenSeadragon
137b - 138b