e-texts navigator
Collection
Volume
Page
Wylie

137b1 ཁམས་ཀུན་ཏུ་གྲགས་པ་ཡི།།རྩལ་གྱི་ཐིག་ལ་རྡོ་རྗེ་སྦྱིན།།ནང་དུ་འཇུག་པའི་དབང་བྲབ་ནས།།དེ་དག་ཀུན་ལ་སྤྱོད་སྒྲུབ་པའི།།དབང་མཆོག་དམ་པ་སྦྱིན་པར་བྱ།།སྐྱོ་མེད་ཆོས་ཀྱི་དབྱིངས་ཉིད་ལ།།སེམས་ཀྱི
137b2 དབང་བསྐུར་ཐོབ་པ་ཡི།།ཤེས་རབ་ཆེན་པོ་རིག་པའི་དབང་།།སེམས་ལོན་དོན་གྱི་གཏན་ཚིག་སྦྱིན།།བྱ་བའི་མཚན་མ་ཀུན་བྲལ་ཞིང་།།བཙལ་མེད་གནས་པའི་བྱང་ཆུབ་སེམས།།སྙིང་རྗེ་ཆེན་པོའི་བདེ
137b3 མཆོགས།།ཁམས་གསུམ་ཀུན་ལ་དབང་སྒྱུར་སྦྱིན།།སྦྱིན་གསུམ་འགྲོ་བའི་དོན་རྣམས་ཀུན།།ཐམས་ཅད་རྫོགས་པར་ནུས་པ་ཡི།།རྟགས་ཀྱི་དབང་མཆོག་དམ་པ་ནི།།ཐོང་ཤོལ་འབར་བ་སྦྱིན
137b4 པར་བྱེད།།དུག་གསུམ་གཏིང་ནས་སྤྲུག་པ་ཡི།།རྟོགས་ཚོན་གའུ་རྣམ་པ་གསུམ།།དམར་ཚོན་དག་གིས་བཀང་ནས་ཀྱང་།།དབང་ཆེན་ཐོབ་དེའི་ལག་ཏུ་སྦྱིན།།སྲིད་གསུམ་སྒྲོལ་བར་བྱ་བ་ཡི།།དབང་མཆོག
137b5 ཆེན་པོ་སྦྱིན་པ་ཕྱིམ།།ཏིར་ལ་སོགས་མཚོན་ཚེ་རྣམས།།དབང་ཐོབ་དེ་ཡི་ལག་ཏུ་སྦྱིན།།འཁོར་བའི་ཆོས་ལ་ཅིར་སྦྱར་ཀྱང་།།སྐྱོན་གྱིས་གོས་པར་མོའི་མྱུར་བའི།།རྟགས་ཀྱི་ཕྱག་རྒྱ་ཆེན་པོ་ནི།།རྣམ
137b6 དག་རྫས་ཀྱི་པདྨ་སྦྱིན།།ལས་རྣམས་རྫོགས་པར་གྱུར་པ་ཡི།།དབང་མཆོག་ཐོབ་པའི་རྟགས་ཆེ་ནི།།སྟི་རའི་བྱུག་པ་ཆེན་པོ་དག།དབང་ཐོབ་དེའི་ལག་ཏུ་སྦྱིན།།ཡུམ་དང་གཉིས་མེད་འཁྲིལ
137b7 ཡིད།ཆོས་ཉིད་དོན་དང་གཉིས་མེད་རྟགས།།སྦྲུལ་ནག་འཁྲིལ་བའི་རྐུན་པོ་འདི།།དབང་ཐོབ་དེའི་ལག་ཏུ་སྦྱིན།།གསང་བ་སྦྱོར་བའི་ཤེས་རབ་མ།།དྲི་མེད་རྣམ་དག་ལྷ་མོ་ཞིག།མཚན




iiif viewer powered by OpenSeadragon

137a - 138a

Texts on this page

N747 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo