| | e-texts navigator
|
136b1 སྐྱོང་བའི་རྒྱལ་པོར་གྱུར་ཕན་ཆད།།བླ་མེད་མཆོག་རྟགས་དང་ལྡན་འགྱུར་བས།།གསང་སྒོ་ཕྱེ་ནས་ནང་དུ་གཞུགས་པར་བྱ།།ཤིན་ཏུ་གསང་བའི་རྫས་དང་ལྡན་གྱུར་ནས།།གསང་སྒྲོ་གང་ལས
136b2 འདོད་པའི་དོན་རྣམས་ཞུ།།གནང་ཆེན་པོའི་རྟག་སུ་བྱིན་གྱིས་བརླབ།།གསང་བའི་དོན་ལ་ཉན་ཅིང་བསླབ་པའི་དབང་།།དབོང་ཐོབ་སྐལ་ཅན་དེ་ལ་སྦྱིན་པར་བྱ།།བདུད་རྩི་ཆུ་འདིས་སྣ་བའི་གསང་སྒོ
136b3 དབྱེ།།སརྦ་ཏ་ཐཱ་ག་ཏ་སྟ་མ་ཏི་ཧོ།།གླེགྲོ་བམ་ཟབ་མོ་ལ་སོགས་ཐམས་ཅད་རྣམས།།རིགས་ཀྱི་བུ་མཆོག་དེ་ལ་སྦྱིན་པར་བྱ།།དེས་ན་འགྲོ་བའི་དོན་བྱེད་ནུས་པས་ན།།ལས་རྣམས་རྒྱ་མཚོ་ཐ~ཾད
136b4 སྒྲུབ་པའི་རྟགས།།རྡོ་རྗེ་རྒྱ་གྲམ་ལ་སོགས་རྣམ་བཞིའི་རྫས།།བུ་མཆོག་དེ་ལ་ཐབས་ཀྱི་སྦྱིན་པར་བྱ།།གཞན་གྱི་རེ་འདྲོད་སྐོང་བའི་བུ་མཆོག་དེ།།རྒྱལ་པོ་རྒྱལ་རིགས་རྒྱུ་དུ་བྱུང་བ་བཞིན།།རྒྱལ
136b5 ཆེ་བ་ཆོས་ཀྱི་རྒྱུ་དུ་བྱུང་བས་ནི།།ཏན་ཏྲ་ལ་སོགས་དམ་པའི་མཛོད་གསུམ་སྦྱིན།།དེས་ནི་སློབ་མའི་ཚོགས་ཀུན་སྟོང་ནུས་ཕྱིར།།བསྟན་པ་སྒྲོགས་པའི་ས་ལ་གནས་བྱའི་ཕྱིར།།རྡོ་རྗེ་རྒྱལ་པོ་དཔལ་གྱི་དབང་མདྨོ།
136b6 འདི་ཐེག་ཆེན་དགུ་ཡི་རྟགས་དང་ཆས་ཏེ་སྦྱིན།།དེ་ནི་བླ་མེད་རྒྱལ་པོར་འགྱུར་བས་ན།།ས་རྣམས་ནོན་པའི་རྟགས་མཆོག་གདན་ཁྲིའི་དབང་།།ལྷ་མཚོན་ལ་སོགས་ཞིང་ཆེན་ཉི་ཟླར་བཅས།།ཁྱུ་མཆོག་སྲེངྒེ།།
136b7 མ་ཧེ་གཟིག་དང་སྟག།གཏུམ་དེའི་དོམ་གྱིས་སྤར་ཏེ་སྦྱིན་པར་བྱ།།རྒྱལ་པོ་ཡིན་པའི་རྟགས་ནི་རྣམ་པ་བདུན།།སྐྱེ་ལ་དབང་སྒྱུར་རྒྱལ་པོ་མཉེས་པའི་གཟུངས།།ཕ་རོལ་དཔུང་འཇོམས་སྲིད་ཐུབ་འཛི
iiif viewer powered by OpenSeadragon
136a - 137a