| | e-texts navigator
|
135b1 དཔོག་པར་བྱ།།སྐྱོབ་པའི་གཉེར་ཡང་དབོག་པར་བྱ།།ཀྱེ་རེག་འཛིན་རྡོ་རྗེ་བུ་མཆོག་ཁྱེད།།རྣལ་འབྱོར་རྒྱལ་བའི་སྲས་ཀྱིས་ཡིན།།གཞན་ཡང་གསང་བ་མ་སྐུ་ཤིག།གལ་ཏེ་སྨྲས་ན་དམྱལ་བར་འཚིག།
135b2 ཁྱོད་ནི་རྡོ་རྗེ་ཆེ་གེ་མོ།།རྒྱལ་བའི་སྲས་པོ་གདུང་རྒྱུད་འཛིན།གསང་བ་མཆེགི་མིང་སྦྱིན་གྱིས།།ཞིང་ཁམས་ཀུན་ཏུ་བདེ་བར་སྤྱོད།།དེས་ནི་སངས་རྒྱས་ཞིང་དུ་སྐྱེ་ཞེས་གསུང་སོ།།རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ
135b3 བཀོད་པ་ཀུན་འདུས་རིག་པའི་མདོ་ལས་རྡོ་རྗེ་རྣལ་འབྱོར་འཇུག་པའི་ལེའུ་ཞེས་བྱ་སྟེ།སུམ་ཅུ་རྩ་གཅིག་པའོ།།།།དེ་ནས་ཡང་སེམས་དཔའི་རྡོ་རྗེས་ཡོངསུ་རྫོགས་པ་དབང་གི་ལེའུ་འདི་གསུངས
135b4 སོ།འདུས་པ་ཆེན་པོའི་རྣལ་འབྱོར་པ།།སྲིད་པོ་གསུམ་གྱིས་ཕྱག་བྱས་པས།།བླ་མའི་ས་ལ་གནས་པ་ནི།།གསང་མཆོག་སུམ་ཅུ་རྩ་དྲུག་ཡིན།།ཕྱིའི་དབང་དང་ནང་གི་དབང་།།བསྒྲུབ་པའི
135b5 དབང་དང་གསང་བའི་དབང་།བཅུ་དང་བཅིག་བཅུ་གསུམ་དང་།།རྣམ་པ་གཉིས་ཀྱིས་རྫོགས་པར་འགྱུར།།དེ་ལ་དང་པོ་སྦྱིན་པའི་དབང་འདི་ཡིན་ཏེ།།ོཾ་ཧཱུཾ་ས་ཧྲི་ཧ།ཀུན་གྱིས་འདའ་བར
135b6 དཀའ་བ་ཡི།།ཚིག་བཙན་ཡུལ་ལ་དབང་སྒྱུར་བ།།རྒྱལ་པོ་བཀའ་རྟགས་ཕྱག་རྒྱའི་དབང་།།སྐུ་ལྔ་ཡོངསུ་རྫོགས་པར་འགྱུར།།རིགས་རྣམས་སོ་སོའི་རྒྱུད་འཛིན་ཅིང་།།རྟགས་ཀྱི་མཚན
135b7 མ་ཆེན་པོ་ནི།།སྦྱོར་བ་ཆེན་པོའི་ཕྱག་མཚན་ཏེ།།དམ་ཚིག་ཕྱག་རྒྱ་རྫོགས་པར་འགྱུར།།ཤེས་རབ་གཟུངས་ཀྱི་གསང་མཆོག་ན།།དོན་དང་ལྡན་པར་གྱུར་པ་ཡིན།།མཐའ་གཉིས་དག་ཏུ་མི
iiif viewer powered by OpenSeadragon
135a - 136a