| | e-texts navigator
|
134b1 ཚམ་ཨཿ།མམས་ས་མཐམས.་མ་པ།ཐ.་མཐཿ།ཥས་#་མ་ཡམ་མ
134b2 དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེས་རྡོ་རྗེ་རྣལ་འབྱོར་འཇུག་པ་ཞེས་བྱ་བའི་ལེའུ་འདི་གསུང་སོ།།འདུས་པ་ཆེན་པོའི་རྣལ་འབྱོར་པ།།གསང་བའི་དཀྱིལ་འཁོར་དམ་པ་འདྲིདྲར།།གང་དག་འཇུག་པར་བྱེད་པའི།།རྣལ
134b3 འབྱོར་རིགས་ཀྱི་བུ་རྣམས་ཀུན།།སྣོ་དུ་གྱུར་པ་ཀུན་བསྡུས་ནས།།བྱང་ཆུབ་མཆོག་སེམས་བསྐྱེད།།ཚིག་འདི་བརྗོད་དེ་གནས་པར་བྱའོ།།ེ་མ་བདེ་མཆོག་དགའ་འཚལ་འདིར།།བདག་ཅག་ཀུན་ཏུ་འཇུག་པར་འཚལ།།
134b4 དགའ་བ་བྱང་ཆུབ་སེམས་བསྐྱེད་ནས།།གསང་བའི་དོན་འདི་སྤྱད་པར་བགྱི།།དེ་སྐད་གསོལ་ཏེ་ཞུས་པ་དང་།།གསང་བ་མཆོག་བདག་པོ་ཡིས།།རྒྱུད་སྦྱངས་རྒྱུད་དྲུག་ལས་སྒོ་གཅད།།རིགས་པ་འཛིན་པའི་རྣལ་འབྱོར་ཀུན།
134b5 དཀྱིལ་འཁོར་ཆེན་པོ་གསལ་བཏོན་ཏེ།།ཕྱག་རྒྱ་དབང་དང་བཅས་པའི།།འཁོར་བའི་རྒྱུད་རྣམས་སྦྱངས་པར་བྱ།།འཇུག་པ་དེ་ཡི་གནས་ལྔ་རུ།།རྒྱུད་དྲུག་ས་བོན་བསྐྱེད་ནས་ཀྱང་།།ཧཱུཾ་ལྔ་དག་གིས་མནན་པར་བྱ།།བཅུག།
134b6 བ་ད་ཡི་སྤྱི་བོར་ནི།།པ་ཡི་ཡེ་ཤེས་ལ་བསྐྲུན་པ།།པདྨ་ཁ་བཞི་ལྟེ་བ་ལ།།མི་དང་ལྷའི་ས་བོན་དགོད།།ཤར་ལྷོ་ནུབ་དང་བྱང་དག་ཏུ།།ལྷ་མིན་དུད་འགྲོ་ཡི་དགས་དང་།།དམྱལ་བ་རྣམས་ཀྱི་ས་བོན་གདབ།།ཧཱུཾ་གིས
134b7 ལཾ་སྒོ་གཅོད་པར་བྱ།།ལག་གཉིས་ཐེའུ་ཆུང་མཐེ་བོས་གནན།།སོར་མོ་གསུམ་སྦྱར་དཔྲལ་བར་བསྣོལ།།ལྷ་དང་ལྷ་མིན་གནས་དག་ཏུ།།མི་གཏང་བཟློག་པའི་ཕྱག་རྒྱ་ཡིན།།ལག་གཉིས་བསྣོལ་ནས་མཚན་ཁུང
134b8 བསྡམ་དམིའི་ཁམས་ནས་བཟློག་པའི་རྒྱ།།ཁུ་ཚུར་བཅངས་ཏེ་འབྲུ་བསྒྲེང་ནས།།གཡོན་གྱི་སྟེང་དུ་མནན་པ་འདི།།བྱོལ་སོང་གནས་ནས་བཟློག་པའི་རྒྱ།ཐལ་མོ་མཉམ་སྦྱར་གུང་ཆེ་སྤྲད།།གུང་མོ་རྒྱང་དུ་སྲིན་ལ
iiif viewer powered by OpenSeadragon
134a - 135a