| | e-texts navigator
|
133b1 མགུལ་འཁོར་ཚུལ་དུ།།དཔལ་བེའུ་སྒྲུབ་པོའི་གློང་དུ་བསྟིམ།།ཀུན་གྱི་ཐ་མར་བསྡུ་བ་ནི།།བཀོད་པའི་གོང་མ་ཐམས་ཅ་ཀུན།མཐིང་ནག་འབར་བ་བསྒྱུར་ནས་ནི།།ཁྱུང་ཆེན་གཟན་ལ་འཛུམས་ཆོད་ཙམ།།ཧཱས
133b2 བྱིན་ཅིང་ཕན་ཚུན་ལྡིངས།།རུ་ལུ་བཅུད་འབྱིན་དངོས་གྲུབ་རློབ།།དྲན་པའི་དཀྱིལ་ནས་ཛ་ཕྱུང་སྟེ།།ལྕག་ཀྱུ་འབར་བ་གྲེའུར་བཅས།།དཔལ་བེའུའི་དཀྱིལ་ན་སྤུངས་པ་ཡིས།།རུ་ལུ་རིན་ཆེན་ཕུང་པོ་དག་བསྡུང
133b3 ཤིང་དྲངས་ཏེ་གན་སུ་བསྟིམ།།འབབ་པའི་ཤུགས་སམ་བྱིན་བརླབས་ནི།།མཚོ་ལ་སེར་ཆེན་འདྲིལ་ལྟརོ།།འདི་ལྟར་ཡི་གེར་སྦྱར་བའི་ཚེ།།རྣལ་འབྱོར་ཉག་ཅིག་མ་ཡིན་གྱིས།།ལྷ་མཆོག་དབྱིངས་ནས་ཞུ་བ་པ་ཡཱ།
133b4 ཆོས་ཉིད་ངང་དུ་མི་དམིགས་ཀྱང་།།རྣལ་འབྱོར་མཆོག་བསྐུལ་བའི་ཚེ།།ཐུགས་རྗེ་ཆགས་པའི་མདངས་ཕྱུང་ནས།།སྲོག་བརྩོལ་དྲན་རིག་གསུང་གསུང་ལྟར།།འགུར་ཆུ་ཡན་ལག་འགུལ་འགུ་ལྟར།།རྡོ་རྗེ་ཡི་གེ
133b5 འབྲུ་འབར་ལྟར།།གུག་སྐྱེས་གླང་ཀོར་ཚིག་པར་ཕྱིན།།ར་རི་ཁལ་ཁོལ་སྒྲིབ་མེད་པར།།ཡེ་ཤེས་དོན་ལ་མཁྱེན་རིག་རྒྱས།།དེ་ལྟ་མོད་ཀྱང་འདུལ་དབང་གྱིས།།རྒྱལ་བ་བསྐུལ་བའི་ས་ལ་བཞེས།།རྣལ་འབྱོར་གས།།
133b6 བའི་ཆོ་ག་བྱེད།།ལྷ་དང་གཅིག་ཏུ་བྱ་བའི་ཕྱིར།།བཟླས་བརྗོད་གྲངས་དང་བསྙེན་པ་དང་།།སྦྱོར་བས་དོན་ལ་ཉེ་བར་འགྱུར།།འདི་ལྟར་སྟོར་བའི་དུས་དག་ན།།བྱིན་རླབས་ཕེབས་སམ་ཉེ་བ་ཡི།།རྟགས་སམ་དྲོད།
133b7 དམ་མཚན་མ་ནི།།རྣལ་འབྱོར་ཉིད་དང་པོ་སྒྲུབ་རྫས་དང་།།ཡོད་མཐོང་སྒྲ་ཐོས་ཀུན་ལ་འབྱུང་།།ལུས་ཀྱི་དྲོད་དང་རྨི་ལམ་དང་།།སེམས་ཀྱི་རྟག་སུ་གསལ་བ་དང་།།དབུགས་དག་ལ་ཡང་ངེས་པར་འགྱུར།།
iiif viewer powered by OpenSeadragon
133a - 134a