| | e-texts navigator
|
133a1 ཁང་།དངོས་པོའི་བག་ཆགས་ཀུན་བསྲེགས་ཏེ།།སེམས་ནི་པྲ་སེར་ཆུ་ཞུན་མ་བཞིན།།ལྟེམ་ལ་འཆོར་ཞིང་འོད་འབར་བ།།རྩལ་ལས་གྱུར་པའི་ཟླ་དཀྱིལ་འཁོར།།ཉི་མ་སྟོང་ན
133a2 དཔལ་བེའུ་འབར་དེ་ལ་རུ་ལུ་འཕྲོ་ཞིང་འདུ།།དཔལ་བེའུ་ཙིཏྟའི་དཀྱིལ་འཁོར་འདི།།ཡིག་འབྲུ་འབར་བའི་གའུར་གསལ།།པདྨོ་འབར་བ་ཡི་གའུ་འདི།།ཡི་གེ་འཕྲེང་བ་འཁྱིལ་བའི་གནས།།དཔེར་ན
133a3 མེ་ཏོག་འབྲུ་བ་ལས།།བཅུད་ལེན་བུང་བས་བཅུད་བླངས་ཏེ།།རྩི་ཡི་བུར་བུ་སོག་པ་ལྟར།།དཔལ་བེའུ་ཐུགས་ཀྱི་དཀྱིལ་འཁོར་ནས།།རིན་ཆེན་འོད་ཀྱི་མེ་ཏོག་འབར།།རུ་ལུའི་ཡིག་འབྲུ་བཅུད་ཀྱིས
133a4 རྒྱས།།རྣལ་འབྱོར་སེམས་ལས་བྱས་པ་ཡི།།བཅུད་འབྱིན་བུང་བ་མང་པོ་འཕྲོ།།ཕར་ལྡིངས་ཡི་གེའི་བཅུད་ཕྱུང་ནས།།ཚུར་ལྡིངས་སེམས་ཀྱི་གའུར་བསྟིམས།།དང་པོ་ཤེལ་གྱི་ཁ་དོག་ལ།།ཤིན་ཏུ
133a5 གསལ་ཞིང་འཚོར་འབར་བ།།གནས་དགུ་དག་ཏུ་ཟླ་བ་ཡི།།ཐིག་ལེ་དཀྱིལ་གྱི་དཔལ་བེའུ་ལ།།འབྲུ་བཀོད་གསལ་བར་གྱུར་པ་དང་།།ཤེལ་གྱི་བུང་བ་མང་པོ་ངག།ཁྱུང་ཆེན་ལྡིངས་པའི་བོང་ཚོང་ཙམ
133a6 ཕར་ལྡིངས་བཅུད་ཕྱུང་ཚུར་གསིབས་པས།།ཡི་འབྲུ་ཡེ་ཤེས་མེ་འབར་བས།།བག་ཆགས་བུད་ཤིང་ཕུང་པོ་འསྲེགས།།ཕར་སྤྱོད་ཐུགས་རྗེས་ས་ལ་བསྐུལ།།ཇི་ལྟར་ཉི་གཟེར་ཚེ་ཚ་ལྟར།།རྒྱུན་མི་འ
133a7 པར་རྩ་གཅིག་འབར།།བར་དུ་བྱི་རུའི་ཁ་དོག་ལ།།གོང་མ་བཞིན་དུ་བཀོད་གང་ལ་ལ།།བྱི་རུ་བུང་བ་མང་པོ་དང་།།གོང་མ་བཞིན་དུ་འཕུར་ལྡིང་པས།།བཅུད་ཕྱུང་བསྟིམ་ཞིང་སླར་ལ་འཕྲོ།།ཇི་ལྟར་མེ
iiif viewer powered by OpenSeadragon
132b - 133b