| | e-texts navigator
|
132a1 སྒོ་ཕྱེ་སྟེ།།རྣལ་འབྱོར་དོན་ལ་འཇུག་པར་བྱ།།རིག་པ་ཐུགས་ཀྱི་དཀྱིལ་འཁར་ནས།།རུ་མུའི་འོད་ཟེར་སྒོ་ཕྱེ་ནས།།སྤྲོས་པས་ཆོ་འཕྲུལ་སྣ་ཚོགས་འབྱུང་།།སྲིད་པ་གསུམ་གྱི་བྱ
132a2 དྲག་བྱེད།།འཁོར་བའི་རྒྱ་མཚོ་གཏིང་ནས་སྐེམས།།ཉོན་མོངས་རྒྱུ་དྲུག་གནས་ནས་སྒོ་བ།།དུག་གསུམ་རྩ་བ་བརྩད་ནས་གཅོད།།བདུད་དང་སྲིན་པོ་གདུག་པ་འདུལ།།བྱིན་བརླབས་དངོས་གྲུབ་ཆར་ལྟར
132a3 འབེབས།།ཇི་ལྟར་དབང་པོའི་སྒོ་ཕྱེ་ནས།།འཛུམ་མདངས་གསལ་བར་འབྱུང་བ་ལྟར།།དཔལ་བེའུ་ཐུགས་ཀྱི་སྒོ་ཕྱེ་བས།།རུ་ལུའི་འོད་ཟེར་ཡིག་འབྲུ་ཤར།།འཐིང་ནག་སེར་ནག་དམར་ནག་ལྗང་།།སྨུག་ནག
132a4 འདྲར་བའི་ཡིག་འབྲུ་རྣམས།།ཡི་གེ་རིགས་ཀྱི་དྲང་བར་དྲང་།།རྒྱངས་ཀྱིས་བསྒྲུབ་དང་དཀར་གྱི་དབབ།།བསྟེན་ཀོས་ཉེ་བར་གྱུར་པ་ལ།།འཇིམ་གོས་མངོན་སུམ་གསལ་བར་བྱ།།འབར་ཀླས
132a5 གཉིསུ་མེད་པ་ལ།།འདྲེན་ཀོས་ཡི་གེའི་ཕྲེང་བ་དྲུང་།།དེ་ཉིད་ལ་ནི་གླུ་དྲུག་སྟེ།།ཤ་ཏ་བ་དང་གར་ཏ་བ།།ཙང་ཀ་དེའུ་དང་པད་ཀ་དེརུ།།ཕྲེང་བ་དང་དུང་དེ་བ།།གླུ་ཡི་ཡན་ལག་སུམ་བརྒྱས་ནི།།རྒྱལ
132a6 པ་མཉེས་བྱའི་མཆོག་ཏུ་འགྱུར།།གླུ་ཡི་རྒྱལ་པོ་འདི་དྲུག་གིས།།དོན་གྲུབ་ཡོངསུ་རྫོགས་པར་འགྱུར།།ཤ་ཏ་པ་ཡི་གླུ་བླངས་པས།།གདུག་བྱེད་ཐམས་ཅད་སྨྲ་ཡང་སྐོང་།།གར་ཏ་བའི་གླུ་བླངས
132a7 པས་གནོད་བྱེད་ཐམས་ཅད་རྡུལ་དུ་རློག།ཅང་ཀ་དྭེའུ་ཡི་གླུ་བླངས་པས།།འབར་བའི་དཀྱིལ་འཁོར་མེ་ལྟར་མཆོད།།པཾང་ཀ་དེའུ་ཡི་གླུ་བླངས་པས།།དྲག་པོ་གཏུམ་པོ་ལྷ་ནར་འགྱུར།།ཕྲེང་བའི
iiif viewer powered by OpenSeadragon
131b - 132b