e-texts navigator
Collection
Volume
Page
Wylie

131b1 རྡོ་རྗེ་དཀོད་པ་ཀུན་འདུས་རིག་པའི་མདོ་ལས་མཆོད་པ་དམ་པ་གསང་བའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།།།།དེ་ནས་སེམས་དཔའི་རྡོ་རྗེ་དེས་རྡོ་རྗེ་ཀླུའི་ལེ་རུ་འདི་གསུང་སོ།།ལཱི་ད་ནི་རྡོ་རྗེ་རྣལ་འབྱོར་རྣམས།།
131b2 བསྙེན་པར་སྣང་བའི་དབང་ཐོབ་ནས།།བསྒོམ་དབྱངས་ཡི་གེ་འབྲུ་བརྒྱད་སྤྲོ།།ཡི་གེ་ཀླུ་ཡི་རྒྱུན་ཡིན་ཏེ།།གླུ་ཡི་ཡི་གེ་བཅུ་དྲུག་ལས།།ཡི་གེ་ཡན་ལག་བསྒྱུར་བསྡེབས་ནས།།གླུ་ཡི་བྱེ་བྲག་བས་མི་ཁྱབ།།དང་པོར
131b3 གླུ་ཡི་དོན་བྱུང་བ།།ོཾ་གྱིས་གླུ་རྣམས་རབ་ཏུ་འདྲེན།།ོཾ་ཡང་ཨ་ཡི་ཆོ་འཕྲུལ་ཏོ།། ནི་ཆོས་ཀྱི་ཡི་གེ་ཡིན།། ལས་ཨོཾ་བྱུང་རྒྱལ་བའི་ཐུགས།།རྒྱལ་བ་ཆོས་ཀྱི་དབྱིངས་ལས་བྱུང་།། ལས་ཨཾ་བྱུང་གསུ།
131b4 གི་མཆོག།གསུང་ལས་ཀླུ་ཡི་ཡན་ལག་འབྱུང་།།དབྱངས་ཀྱི་ཡན་ལག་དྲུག་ཅུར་གྲགས།།གླུ་ཡི་ཡོན་ཏན་བས་མི་ཁྱབ།།སྔོན་གྱི་རྒྱལ་བ་གླུ་ཡིས་གྲུབ།།རིགས་འཛིན་རྡོ་རྗེ་གླུ་ཡིས་འདྲེན།།རྣལ་འབྱོར།
131b5 དབང་ཕྱུག་གླུ་ཡིས་འགྲུབ།།བསྟན་པ་རྒྱ་མཚོ་གླུ་ཡིས་སྤེལ།།སྲིད་པའི་བུ་མ་ཀྲྀ་ཡིས་བརྟེན།།བདུད་དང་སྲིན་པོ་ཀླུ་ཡིས་འདུལ།།དངོས་གྲུབ་རྒྱ་མཚོ་གླུ་ཡིས་འབེབས།།ཆོས་ཉིད་དབྱིངས་ཀྱི་གློང་དཀྱིལ་ནས།།དཔའ
131b6 །བེའུ་ཉི་མེ་དགུ་ཤར་བས།།རྣམ་ཐར་སྒོ་བཞི་རབ་གསཔ་ཡང་།།མ་རིག་མུན་གནག་འཐིབས་པ་ཡིས།།བསྒྲིབས་པར་རིག་པའི་སྒོ་མོ་བྱེ།།འཁོར་བའི་མུར་གནག་གློང་རུམ་ན།།བྱང་ཆུབ་སེམས་ཀྱི་ཟླ་ཤྭར་བཱ།།
131b7 མུན་གསུལ་རྣམ་ཐར་སྒོ་བཞིར་སྣང་།།རིན་ཆེན་འབར་བའི་ཉི་མ་རྣམས།།དཔལ་ཆེན་ཐུགས་ལས་འོད་ཤར་བས།།བག་ཆགས་སྤྲིན་མཐོངས་བྱེ་བ་རུ།།རྣལ་དཔྱོར་ཐུགས་ཀར་ཟེར་བབ་པས།།མུན་འསལ་རིག་ནི།




iiif viewer powered by OpenSeadragon

131a - 132a

Texts on this page

N747 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo