e-texts navigator
Collection
Volume
Page
Wylie

131a1 འདོད་པའི་མཆོད་པ་འབྱུང་གྱུར་ཅིག།ཟླ་རྒྱས་ལ་སོགས་སྙིང་པོ་མཆོག།མ་ས་ལ་སོགས་རྣམ་ལྔའི་རྫས།།མེ་ཏོག་ལ་སོགས་སྔོན་ཕྲེང་།།སྣ་ཚོགས་མཆོད་པ་འབྱུང་གྱུར་ཅིག།མི་མོ།།
131a2 རྣམས་ཀྱི་རེག་བྱ་མཆོག།འཁྲིལ་འཁྱུད་སྦྱར་བའི་གཟུངས་ཆེན་མ།།དབང་པོ་སྦྱོར་བའི་དགྱེས་མཆོ་དེ།།བདེ་བའི་མཆོད་པས་ཚིམ་གྱུར་ཅིག།རྡོ་རྗེ་རོལ་པས་ཚོགས་མཆོག་འདི།།མཆོད་སྤྲིན་ཀུན
131a3 དུ་རྒྱས་གྱུར་ཅིག།དུག་གསུམ་བརྩེགས་པའི་རི་བོ་འདི།།སྐུ་གསུང་ཐུགས་ཀྱི་གློང་དུ་བསྟབས།།དུག་ལྔ་རོལ་པའི་ཚོགས་མཆོག་འདི།།ཡེ་ཤེས་ལྔའི་ནང་དུ་ཐིམ།།གཟུང་འཛིན་རྟོག་པའི་མཚན་མ
131a4 འདི་དབྱིངས་དང་ཡེ་ཤེས་གློང་དུ་ཐིམ།།འཁོར་བ་མཚན་མའི་ཆོས་ཅན་འང་།།ཆོས་ཉིད་དབྱིངས་ཀྱི་ངང་དུ་ཐིམ།།ཕུང་པོ་ཚོགས་ཀྱི་ཡན་ལག་འདི།།རྣམ་གྲོལ་ཕུང་པོ་ལྔ་རུ་ཐིམ།།འབྱུང
131a5 ཆེན་རྒྱུ་ཡི་མཚན་མ་འདི།།མཁའ་གློང་འབར་བ་ལྔ་རུ་ཐིམ།།རོལ་པ་ཆེན་པོ་མཆོད་སྦྱིན་ལ།།རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་རོལ།།བླ་མེད་བསྟན་འགན་མཆོད་པ་འདི།།སྔོན་ཆད་རྒྱལ་བས
131a6 བགྲོད་པའི་ལམ།།དུག་གསུམ་གཏིང་ནས་གསོད་པའི་ཐབས།།སྔོན་གྱི་ཐུགས་དམ་བཞིན་དུ་བཞེས།།འཆི་མེད་བདུད་རྩི་གཡུང་དྲུང་ཆུ།།རོ་ཡི་ཁམས་རྣམས་སློང་བར་བྱེད།།དུགི་ཕུང་པོ་འཛི།
131a7 བྱེད་པ།།ཝཾ་མཆོག་སྨན་གྱི་མཆོད་པར་བཞེས།།ཞེས་མཆོད་པའི་ཚོགས་རྣམས་ལིང་ལོང་ཕྱེད་པར་བྱང་བས་རྒྱལ་བ་རྒྱ་མཚོ་ཚོགས་ལོང་སྤྱོདས་མཉེས་པར་གྱུར་ཏོ།།རྒྱུད་ཀྱི་རྒྱལ་པོ་ཆེན་པོ




iiif viewer powered by OpenSeadragon

130b - 131b

Texts on this page

N747 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo