| | e-texts navigator
|
130b1 གཉིས་རྟིང་སྦྱར་ཏེ།།སེར་འཕྲོང་མཆེ་བའི་ཚུལ་གྱིས་ནི།།ཤིན་ཏུ་ཁ་གླལ་པ་ཡི་ཚུལ།།འདི་ནི་འཇིགས་བྱེད་ཆེན་པོའི་རྒྱུ།།མ་ཡིས་བཟུང་སྟེ་འཐནས་ནི།། ཡིས་གདེངས་ཤིང་འཇོམས་བྱེད་པ།
130b2 བྱེད་ཆེན་པོའི་ཕྱག་རྒྱ་ཡིན།།མ་དང་ཨཱ་ཡིས་མགོ་འཇུག་ནས།།བཟུང་བའི་ཚུལ་དུ་བྱས་ནས་ནི།།ཁ་ཡིས་འདྲད་ཅིང་འཕེན་བྱེད་པ།།ཟ་བྱེད་ཆེན་པོའི་ཕྱག་རྒྱ་ཡིས།། དང་མ་ཡིས་ཤེས་རབ་ལས།།
130b3 གཡོན་ཚུལ་གྱིས་བསྒྱུར་བྱས་ཏེ།།སཽ་ཇི་ལྟར་ཡིན་ཐབས་སྦྱར།།གནས་དང་ཡུལ་གྱི་གཏན་ཚིག་སུ།།བསྒྱུར་བ་གར་གྱི་ཕྱག་རྒྱར་བཤད།།དཔའོ་གདན་ལ་གཞེངས་ནས་ནི།།ཕྱོགས་མཚམས
130b4 ཀུན་ཏུ་བལྟས་བྱས་ནས།།ཤིན་ཏུ་འགྱིང་ཞིང་བརྗིད་པར་བྱེད།། དང་མ་ཡིས་འབྲུ་རྣམས་ནི།།སོར་བརྡབས་ནས་བསྐུར་བརྟེན་བྱ།།བགྱིང་བའི་ཚུལ་གྱི་སྤྱད་བྱས་ནས།སྟགི་སྟབས་ཀྱིས་ཀུན་ཏུ་བསྐོར།།དེ་ནས་རྨུན།
130b5 བྱ་སྟབས་ཀྱིས་ནི།།གོང་མ་བཞིན་དུ་བསྐོར་བར་བྱ།།དེ་བཞིན་རུས་སྦྲུལ་གཟིག་དང་སྟོག།སྦྱང་གི་སེངྒེ་དོམ་སྟབས་དང་།།ཕོག་ཆེན་ངེད་ཀྱི་སྟབས་ཀྱིས་ནི།།ཐ~ཾད་ཐམས་ཅད་བསྐོར་བར་བྱ།།དེ་བཞིན་འདབ་ཆབས
130b6 ཐ~ཾད་ཀྱིས།།འཛ་ཚུལ་སྟབས་རྣམས་རྫོགས་བྱས་ནས།།དཀྱིལ་འཁོར་ཐམས་ཅད་རྫོགས་པར་འགྱུར།།ཞེས་གསུང་སོ།།རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་དཀོད་པ་ཀུན་འདུས་རིག་པའི་མདོ་ལས་སྒྱུར་བ་ཕྱག་རྒྱའི
130b7 སྟེ་ཉི་ཤུ་རྩ་བརྒྱད་པའོ།།།།དེ་ནས་སེམས་དཔའི་རྡོ་རྗེ་དེས་མཆོད་པ་དམ་པ་གསང་བའི་ལའུ་འདི་གསུངས།།ཧཱུ~ཾའི་བྱིང་བ་ཆེན་པོ་ན་མཁའ་ནི།།འབྱུང་བ་ཆེན་པོ་ལྔ་ཡི་མཛོད།།ནམཁའི་ལས་ནི་འདོད
iiif viewer powered by OpenSeadragon
130a - 131a