e-texts navigator
Collection
Volume
Page
Wylie

12b1 དབེས་མཚོན་ཚིགི་ལྡེ་མིག་གིས།།མཉམ་ཉིད་རིག་པའི་སྒོ་དབྱེ་བྱས།།སྦས་པའི་དོན་འབྱིན་གསལ་བྱེད་པ།།སཱ་ལུ་ཕུབ་ཁྲོད་སྣང་མེ་བཞིན།།གསལ་བཏེག་སྣང་རྙེད་ས་ལེར་འདུག།ཟབ
12b2 མེར་སྤྱོད་པ་ལྔ་འོས་པས།།གང་ཞིག་དོན་ལ་འདྲིས་པ་ཡི།།གསང་སྔགས་སྤྱོད་པའི་རང་བནི་ནི།།མཐུན་པའི་དམིགས་བཅུ་དཔེར་བཞག་སྟེ།།རྣལ་འབྱོར་ཅན་གྱིས་ཤེས་པར་བྱ།།
12b3 སྒྱུ་མི་སྒྲོག་རྒྱུ་རྨི་ལམ་དང་།།གཟུགས་བརྙན་དྲི་ཟ་གྲོང་ཁྱེར་དང་།།བྷག་ཆ་ཆུ་ཟློ་མིག་ཡོར་དང་།།ཆུ་བུར་འཁྲུལ་དང་མགལ་མེར་སྣང་།།སྒྲུབ་དང་གསོང་སྔགས་སྤྱོད་པ་དང་།།གྲུབ
12b4 པཾ་དང་ནི་གནས་དག་དང་།།བཟླས་པའི་སྒྲ་དང་ཕྱག་རྒྱར་རྟོག།ཏིང་འཛིན་ལྟ་བ་ཆོ་འཕྲུལ་བརྟག།ཇི་ལྟར་སྒྱུ་མའི་མཚན་ཉིད་ནི།།སྐྱེས་བུ་དག་གི་རྩོལ་བ་དང་།།སྨོན་དང་སྔགས
12b5 ཀྱི་སྦྱོར་བ་ལས།།དབང་པོ་ཡིད་འཕྲོག་ཅེར་སྣང་ཡང་།།དྲོ་ལ་འགྲོ་འོང་ག་ལ་ཡོད།།དེ་ལྟར་སྒྲུབ་པའི་མཚན་ཉིད་ཀྱང་།།ཡིག་འབྲུ་རྫས་ཀྱི་སྦྱོར་བ་ལྔས།།གྲུབ་པར་སྣང
12b6 ཡང་རང་བཞིན་མེད།།ཇི་ལྟར་སྨིག་རྒྱུའི་མཚན་ཉིད་ནི།།ཞིང་པའི་དུས་ཀྱི་ཟླ་བ་ལ།།དྲོད་དང་ཉི་མའི་སྦྱོར་བ་ལྔས།།།བྱིས་པ་གདུངས་པའི་རང་བཞིན་གྱིས།།ཆུ་ཡིས་འདུ
12b7 ཤེས་ཅི་བསྐྱེད་ཀྱང་།།ཚིམ་པའི་རྒྱུད་ནི་ག་ལ་འགྱུར།།གསང་སྔགས་མིང་གི་ཁྱད་པར་ཡང་།།རང་བཞིན་མི་དམིགས་སྟོང་པ་ལ།།མཚན་མའི་ཐ་སྙད་མིང་དུ་བཏགས།




iiif viewer powered by OpenSeadragon

12a - 13a

Texts on this page

N747 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo