e-texts navigator
Collection
Volume
Page
Wylie

12a1 ཨ་ལ་ལ་ཏོ།།རྒྱལ་བའི་སྲས་པོས་ཅང་མི་གསུང་།།མི་གསུང་བས་ནི་རྒྱ་ཆེར་བ་ཤད།།བ་ཤུ་དུ་མེད་པའི་ཆོས་འདི་ནི།།རྒྱལ་བ་རྣམས་ཀྱིས་མ་བཤད
12a2 དེ་ལྟར་སྟོན་པ་རྒྱལ་མཆོག་ཀྱང་།།རྣམ་པར་བརྗོད་པར་མི་བཞེད།།རྒྱ་ཆེར་བཤད་པར་དགོངས་པའོ།།སྐྱེ་བ་མེད་པའི་ཆོས་རྣམས་ནི།།མ་སྐྱེས་པར་ཡང་སྙིང་པོར་བཞེད།།
12a3 ངོའི་དོན་དུ་གང་གྱུར་པ།།ཚིག་ཏུ་སྨྲ་བ་ལེགས་པ་ཡིན།།སྤྲོས་པ་ཉིད་ན་གྲོལ་བ་ཞེས།།རྒྱལ་བ་རྣམས་ཀྱིས་ཡང་དག་བཤད།།དེ་བས་རྡོ་རྗེ་རྒྱལ་པོ་ཉིད།།བཀའ་མ་སྤྲུལ་པར
12a4 དགོངས་པའོ།།དགོངས་པའི་དོན་རྣམས་གང་འབྱིན་པ།།ཇི་ལྟར་མེ་ལོང་གཟུགས་བརྙནྡ་ལྟར།།དགོངས་དོན་རིག་ལ་སྣང་གྱུར་པ།།མ་སྐྱེས་སྙིང་པོའི་དོན་གྱིས་ན།།ཚིག་ཏུ་སྤྱོ་བ
12a5 མ་ཡིན་ནའང་།།མཚན་མ་ཚིག་རྣལ་འབྱོར་པོ།།ཚིག་ལ་ཞིབ་ཅིང་དོན་ལ་རྩིང་།།ཚིག་ཕྱིར་བློ་འབྲང་རྩལ་ཞན་རྣམས།།དཀྲི་ཕྱིར་བསམ་པ་རངས་བྱ་བ།།མི་དམིགས་པ
12a6 ལས་དམིགས་པ་ཡི།།ཆོ་འཕྲུལ་ཚིགས་མཚོན་པ་ནི།།བདེར་གཤེགས་རྒྱལ་བ་ཀུན་གྱི་ཐུགས།།གསང་བ་དེ་ཉིད་སྙིང་པའི་དོན།།མཉམ་ཉིད་བྱང་ཆུབ་ཐག་ཆེན་པོ།།
12a7 གསལ་བར་བཀོད་ངེས་བརྗོད་ཀྱིས།།རྒྱ་ཆེན་འདུས་པའི་ཚོགས་རྣམས་ཉོན།།ང་ནི་དུས་གསུམ་བཞུགས་པ་ཡི།།རྒྱལ་བ་ཀུན་གྱི་སྙིང་པོ་སྟེ།།སྟོང་པར་སྦས་པའི་དོན་འདི་ལ




iiif viewer powered by OpenSeadragon

11b - 12b

Texts on this page

N747 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo