| | e-texts navigator
|
128b1 རྡོ་རྗེ་ཆེན་པོའི་བླ་མ་ཞིག།རོ་ཡི་ཉེས་པའི་མཐའ་བཟུང་ནས།།ལས་ཀྱི་བསགས་པའི་བབྲང་ཞིང་བཤགས།།རྡོ་རྗེ་སྐབས་སྦྱོར་བླ་མ་ཡིས།།བདུད་རྩི་སྐབས་ཀྱི་མཆོད་པ་སྦྲེང་།།རྡོ་རྗེ་བྲོ་གར་གླུ་ཚིགིས།།སྐབས
128b2 ཀྱི་གླུ་གར་མཆོད་པ་དང་།།རོལ་མོས་བླངས་ཏེ་དབུལ་བར་བྱ།།རྡོ་རྗེ་གནས་ཀྱི་སྨོན་ལམ་ནི།།སྐབས་དང་ལས་ཀྱི་འཇུག་དུ་གདབ།རྡོ་རྗེ་ལས་ཀྱི་ལྗང་འཛིན་པས།།རྩ་བརྒྱད་ལས་ཀྱིས་གྲངས་བཟུང་སྟེ།
128b3 དཀར་བྱེད་བླ་མའི་ཕྱག་དུ་དབུལ།།རོ་ཡི་ལས་ངན་ལྟང་འཛིན་པས།།གྲངས་མེད་གྲངསུ་བཟུང་ནས་ནི།།མཚན་མ་ནག་པོ་བྱང་བུ་དག།ཡེ་ཤེས་མེ་ཡི་བློང་དུ་བསྲེག།མེ་ཡིས་སྦྱོར་བའི་ཆོ་ག་བྱ།།མེ་ཡི
128b4 ལྷ་ནི་གང་ཡིན་པ།།མེ་ཡི་སངས་རྒྱས་སྣང་མཐའ་ཡས།།མེ་ཡི་ལྷ་མོ་གོས་དཀར་མ།།རྒྱལ་བ་ཀུན་གྱི་འོད་མཆོག་སྟེ།།འབྱུང་བ་མེ་ལ་དབང་སྒྱུར་ཞིང་།།ཐམས་ཅད་ཀུན་གྱི་དྲོད་བདག་ཡིན།།སྲིད་གསུཾ
128b5 བསྲེག་པར་ཞལ་གྱིས་གཞེས།།འཁོར་བའི་སྲེག་པའི་འཕྲིན་ལས་ལ།།ཐུག་དེ་དབང་གིས་ཡང་མི་འདའ།།མ་ཡི་ཆོ་ག་ཐམས་ཅད་ནི།།ཡུམ་ཆེན་དཀར་མོ་ཉིད་ལ་བསྒོ།།དེ་ནས་ཆོ་ག་ཀུན་རྫོགས་ནས།།རོ་ཡི།།
128b6 བསྒྲིབ་པ་བྱང་མ་བྱང་།།མེ་ཡི་དངོས་གྲུབ་ཐོབ་མི་ཐོབ།།མེ་ལས་མཁས་པས་གང་བཞིན་བརྟང།།མཚན་མ་མི་སྡུག་བྱུང་བ་ན།།བསྲེག་སྦྱང་ཆོ་ག་རྒྱ་ཆེར་བྱ།།གལ་ཏེ་མགུན་དངོས་གྲུབ་ཐོབ།།རོ་ཡི་ཐལ་བ་ཆེན
128b7 པོ་འད་བཏགས་ནས་ཐལ་བའི་བདུད་བརྩིར་བསྒྲིག།དེས་ནི་བསོད་ནམས་ཆེན་པོ་ནི།།དཔག་ཏུ་མེད་པ་ཐོབ་པར་འགྱུར་ཞེས་གསུངསོ།།རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་རྡོ།།
iiif viewer powered by OpenSeadragon
128a - 129a