| | e-texts navigator
|
128a1 ཝ་དང་དུག་གསུམ་བཅས།།སྐྱེ་བའི་ལཱམ་ལྷ་རྒྱུད་དྲུག་རྣམས།།མིང་ངམ་གཟུགས་བྱས་ནས་ནི།།གནས་གནས་དག་ཏུ་དགོད་པར་བྱ།།ཁམས་དང་སྐྱེ་མཆེད་ཕུང་པོ་ལྔ།།གཟུགས།
128a2 འཛིན་མིང་དུ་བཅས་པ་རྣམས།།བརྡའི་ཚུལ་དུ་བྲིས་ནས་ནི།།རོ་རྣམས་ཁྱད་པར་དགོད་པར་བྱ།།དེ་ནས་རོ་ཡི་ཕུང་པོ་དེ།།རྟེན་ནམ་གླེགས་སམ་སྟེགས་བུ་ཡི།།སྟེང་དུ་མཁྲིས་པས་གཞག་པར་བྱ།།ཐབ།
128a3 ཀྱི་ཆོ་ག་བརྩམ་པ་ནི།།མཎྜལ་འཁོར་ཁྱུད་ཙམ་ཞིག་ལ།།དཀྱིལ་འཁོར་གང་དང་གང་ཡིན་པའི།།ཕྱག་རྒྱ་བཞུགས་པའི་ཕོ་བྲང་དག།ཐིགས་ཡུལ་གཅད་སོར་བྱ།།དེ་ཡི་སྟེང་དུ་ཤིང་བརྩིགས་པ།།བྱི
128a4 ནི་གྲུ་བ་ནི་གཏམས་པ་ལ།།ཟུར་བཞི་ཀ་བ་བཞིས་བརྟན་བྱ།།སུམ་རྗེགས་ཡང་ཐོག་པར་ཁང་བཅས།།མཐའ་མ་ཤིང་གིས་བརྫང་བར་བྱ།།བར་ཁང་དག་གི་གླེགས་མ་ལ།།རོ་ཡི་བཞིན་ཕྱོགས་ཤར་དུ
128a5 བསྟན།རོ་ཡི་སྟེང་གི་ཁྱང་པ་ལ།།རས་སམ་ཤོག་ཤློག་ལ་བྲིས་པའི།།ཕྱག་རྒྱའི་དཀྱིལ་འཁོར་གསོལ་བར་དགོད།།རོ་ཁང་གློ་སྐར་བཞི་ཕྱེ་ལ།།ཐུགས་རྗེ་གཟུངས་ཐག་བཞིས་བཏགས་ནས།།ཕྱོགས་བཞི་པ།
128a6 མ་བཞི་ལ་དབུག།ཤིང་གི་ཆོ་ག་རྫོགས་པ་དང་།།ཤིང་གི་ཕྱི་མཐའ་སྟེགས་བུ་ལ།།ཕྱག་རྒྱའི་ལྷ་རྣམས་རིམ་པར་དགོད།།སྟེགས་བུ་རྫོགས་པར་གྱུར་པ་དང་།།རྡོ་རྗེ་ལས་ཀྱི་བསྐོས་གདབ་པ།།རྡོ་རྗེ་རྒྱལ་པོ་བཱ།
128a7 ལ་འཁོར་བ་བསྲེག་པའི་མངའ་གསོལ་ཏེ།།ཏིང་འཛིན་ཡེ་ཤེས་རྩེ་གཅིག་པས།།མེ་ཡི་འདུ་འཕྲོ་རྒྱུན་ཏུ་བྱ།།རྡོ་རྗེ་ལས་ཀྱི་ཀཽརྨ་ལ།།ལས་རྣམས་རྫོགས་པའི་མངའི་གསོལ་ཏེ།།ལས་ཀྱི་ཕྲེང་བ་རྫོགས་པར་བྱ།
iiif viewer powered by OpenSeadragon
127b - 128b